མི་ཚེ་ཞིག་གི་ལྟག་རྒྱབ་ནས། མི་ཚེའི་བདེན་པ། མི་ཚེ་ཐུང་གི་ཟེར་བ་དེ་ཅི་མ་བདེན བོར་ཟིན་པའི་ངའི་མི་ཚེ་འདི་རྒྱ་སྲང་དུ་གཞལ་གྱིན་ན མི་ཚེ་རིང་ནི་རེད་ཟེར་བའང་བདེན་པར་འདུག བོར་ཟིན་པའི་ངའི་མི་ཚེ་འདིའི་གོམ་པ་རྩིས་ཐོར་རྒྱག་གིན་ན མི་ཚེ་རྟག་ནི་རེད་ཟེར་བ་དེ་རྫུན་ལར་ནས་མ་ཡིན བོར་ཟིན་པའི་ངའི་མི་ཚེ་འདིའི་ཁ་སང་ལ་ཕྱིར་རྣ་ཞིག་བླགས་ཀྱིན་ན མི་ཚེ་རྟག་ནི་མ་རེད་ཟེར་བའང་རྫུན་མིན་པར་སྙམ བོར་ཟིན་པའི་ངའི་མི་ཚེ་འདིའི་གཤིས་ཀ་དེས་བཤད་ཀྱིན་ན མི་ཚེ་དབང་རྒྱུ་རེད་ཟེར་བ་དེ་ལབ་ཅིག་རེད བོར་ཟིན་པའི་ངའི་མི་ཚེ་འདིའི་ཐོད་རུས་ཐོག་ན མི་ཚེ་དབང་རྒྱུ་མ་རེད་ཟེར་བ་དེ་ནི་ཤོབ་ཅིག་རེད བོར་ཟིན་པའི་ངའི་མི་ཚེ་འདིའི་མགོ་བོ་མ་འགྱོག་པར་བསམ་ན མི་ཚེའི་རང་དབང༌། མི་ཚེའི་ཀླད་ཞོ་ཁོལ་ཁོལ་དུ་འཕྱུར་བའི་དམར་རྗེན་གྱི་སེམས་པུ མི་ཚེའི་ལས་སྐལ། མི་ཚེ་འདིས ལོ་རྒན་བགྲེས་པོས་གནང་བའི་ཞྭ་མོ་མོད་པོ་གྱོན་ཚར་ཐལ མི་ཚེ་འདིས གོང་མ་ཆེན་པོས་བཀྱོན་པའི་བཙན་ལུང་མང་པོ་བཏོན་ཚར་ཐལ ཅི་ཡིན་མ་རྟོགས་པའི་ངའི་མི་ཚེ གང་ཡིན་མ་ངེས་པའི་ངའི་མི་ཚེ བསྡད་ནི་མ་ཆོག་པའི་ངའི་མི་ཚེ འགྲོ་ནི་མ་ཆོག་པའི་ངའི་མི་ཚེ ལྟ་དབང་ཟད་འདུག་པའི་ངའི་མི་ཚེ བཤད་དབང་ཡིབ་འདུག་པའི་ངའི་མི་ཚེ མི་ཚེ་འདི རྒྱང་རིང་ཞིག་ནས་བརྒྱུགས་འོངས་ཀྱང མི་ཚེ་འདི ཐག་རིང་ཞིག་ནས་ཆས་འོངས་ཀྱང མི་ཚེའི་ཟ་མ་རྒྱག་ཙིག་ཟོས་ཏེ བདག་གིས་ཡང་གཅིག་བཤད གལ་ཏེ "མི་ཚེ་མི་ཚེ"གླེང་བ་དེ ངའི་མི་ཚེ་འདི་ཐུ་ལུམ་མི་ཐེག་པའི་འཕྱེ་བོ་ཞིག་ཅི་ལ་མིན ཅིའི་ཕྱིར་ན མི་ཚེ་གཞན་ཞིག་གི་མཇུག་སྣེ་རུ་འཁུན་སྒྲ་ལྷང་ལྷང་སྒྲོག་བཞིན གནད་འགག་མིང་བརྡ། མི་ཚེ་ཞིག་གི་ལྟག་རྒྱབ་ནས། * མི་ཚེ་ཞིག་གི་ལྟག་རྒྱབ་ནས།