#ནང་ཆོས་ངོ་སྤྲོད། བྷར་ཛིན་བཤད་མཛོད་སྐོར། العربية Deutsch English Español فارسی Français हिन्दी Indonesia Italiano 日本語 Монгол хэл پنجابی Polski Português Русский Türkçe اُردو Tiếng Việt 简体中文 繁體中文 དྲ་ཤོག་ངོ་གདོང་། search བྷར་ཛིན་བཤད་མཛོད་བོད། བྷར་ཛིན་བཤད་མཛོད། འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད། དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས། ཁྱེད་རང་འདིར་ཡོད། དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > ནང་ཆོས་ངོ་སྤྲོད། > བཟང་སྤྱོད་ལྡན་པའི་མི་ཚེ་ཇི་ལྟར་སྐྱེལ་དགོས་སམ། བཟང་སྤྱོད་ལྡན་པའི་མི་ཚེ་ཇི་ལྟར་སྐྱེལ་དགོས་སམ། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། དབྱིན་ཡུལ། ནོ་ཊིང་ཧེམ། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༥ ཉིན། ཨེ་ལེག་ཛན་ཌར། བྷར་ཛིན་གྱིས་ཕབ་སྒྱུར་དང་། གསུང་གི་དུམ་བུ་འགའ་རེར་གསུང་སྒྱུར། ཕྱོགས་སྒྲིག་རོབ་ཙམ་ཞུས། སྦྲགས་ཤད་གུག་ཁ་གང་མའི་ནང་དུ་གསལ་བཤད་བསྟན་ཡོད། བཟང་སྤྱོད་ལྡན་པའི་མི་ཚེ་གཞི་རྩར་བཞག་ནས་རང་དོན་གྱི་ཁ་གཏད་དུ་གཞན་དོན་སྒྲུབ་པ། ནང་ཆོས་ཀྱི་སྙིང་པོ་ནི། གལ་ཏེ་ང་ཚོས་གཞན་ལ་ཕན་འདོགས་ཐུབ་ཚེ་ངེས་པར་དུ་ཕན་འདོགས་དགོས་ཅིང། ཕན་འདོགས་མི་ཐུབ་ཚེ། མ་མཐར་ཡང་གཞན་ལ་གནོད་འཚེ་སྤོང་དགོས། དེ་ནི་བཟང་སྤྱོད་དང་ལྡན་པའི་མི་ཚེ་སྐྱེལ་བའི་སྙིང་པོ་ཡིན། ལས་ཚང་མ་ཀུན་སློང་ལས་འོང་བ་ཡིན། ང་ཚོས་གཞན་ལ་གནོད་འཚེ་བྱེད་པ་དེ་ཀུན་སློང་ཞིག་ལས་འོང་བ་དང། གཞན་ལ་ཕན་འདོགས་པ་དེ་ཡང་ཀུན་སློང་ཞིག་ལས་འོང་། དེ་འདྲ་སོང་བ་ཡིན་ཙང། གཞན་ལ་ཕན་འདོགས་པ་དང་སྲི་ཞུ་སྒྲུབ་རྒྱུར་ང་ཚོར་ཀུན་སློང་ངེས་ཅན་ཞིག་དགོས། དེ་ལ་ང་ཚོར་བསམ་ཚུལ་ངེས་ཅན་འགའ་དགོས། ང་ཚོས་རྒྱུ་མཚན་ཅི་ཞིག་བརྟེན་ནས་ཕན་འདོགས་དགོས་པ་དང་གནོད་འཚེ་བྱེད་མི་ཉན་ན མ། དཔེར་ན། ང་ཚོས་གང་ཟག་ཞིག་ལ་གནོད་འཚེ་གཏོང་ལ་ཉེ་བའི་སྐབས་ང་ཚོར་ཤེས་རྟོགས་ཀྱི་རིགས་ འགའ་འབྱུང་ནས་དེས་གནོད་འཚེ་སྤོང་བའི་རྐྱེན་བྱེད་ངེས། དེས་ང་ཚོར་ཐག་གཅོད་ཀྱི་[གནོད་འཚེའི་རྐྱེན་སློང་མི་བྱེད་པའི་]རིགས་འགའ་དགོས ་ཀྱི་ཡོད་པ་མཚོན། ང་ཚོའི་སེམས་ཀྱི་ཟུར་གཅིག་ནས་མི་ཞིག་ལ་གནོད་འཚེ་བྱེད་འདོད་ཡོད། འོན་ཀྱང་སེམས་ཀྱི་གནས་སྟངས་ངེས་ཅན་ཞིག་ལ་བརྟེན་ནས་ང་ཚོའི་སེམས་ཀྱི་ཆ་ཤས་གཞ ན་ཞིག་ནས་དེ་ནོར་བ་རེད། འགྲིག་པ་མ་རེད་ཅེས་བརྗོད་ཀྱི་ཡོད། གང་ལ་ཞེ་ན། ང་ཚོས་དེའི་ནོར་བ་མཐོང་གི་ཡོད་ཅིང། དེ་མ་ཐག་བློ་སྟོབས་བསྐྱེད་ནས་དེ་འགོག་པར་བྱེད། འདམ་ག་[གནོད་འཚེ་བྱེད་པའམ་དེ་ལྟར་བྱེད་རྒྱུར་བཀག་འགོག་བྱེད་པ་]དེ་གཉི་གར་ག ཞིགས་ནས། ང་ཚོར་ལས་འགའ་ཞིག་གིས་ཕུགས་རྒྱང་རིང་པོའི་མཇུག་འབྲས་ཡོང་གི་ཡོད་པའི་ཤེས་རྟ ོགས་དགོས་པ་ཡིན། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ང་ཚོར་ཕུགས་རྒྱང་རིང་པོའི་མཇུག་འབྲས་མཐོང་བའི་ རྣམ་དཔྱོད་ཡོད་པ་རེད། དེས་ན་ང་ཚོས་དེ་དག་མཐོང་བའི་ཚེ་གནས་སྐབས་དེ་རང་དུ་སོ་སོའི་ངོས་ནས་དེ་འགོག་ ཐུབ་པ་ཡིན། དེར་ང་ཚོས་ལག་བསྟར་ཐུབ་པའི་ཐབས་ལམ་གཉིས་ཡོད་པ་རེད། དང་པོའི་ཐོག་ནས། ང་ཚོས་སོ་སོ་རང་ཉིད་ཀྱི་ཁེ་ཕན་ལ་གཞིགས་ནས་ཕན་འདོགས་བྱེད་ཐུབ་ཚེ། དེ་ལྟར་བྱེད་རྒྱུ་དང་། གལ་ཏེ་ཕན་འདོགས་བྱེད་མི་ཐུབ་ཚེ། གནོད་འཚེ་སྤོང་དགོས། [གནོད་པ་གང་ཡང་མི་བྱེད་པ།] ཐབས་ལམ་གཞན་ནི། གཞན་གྱི་ཁེ་ཕན་ལ་བསམ་བློ་གཏོང་བ་དང་སྔ་མ་བཞིན་གལ་ཏེ་ཕན་འདོགས་བྱེད་ཐུབ་ཚེ། ཕན་འདོགས་པ་དང། དེ་ལྟར་མི་ཐུབ་ཚེ། གནོད་འཚེ་སྤོང་དགོས། [གནོད་འཚེ་བྱེད་པ་ལས་འགོག་པ།] གཞན་ལ་གནོད་འཚེ་སྤོང་ཚུལ་ལ་གཞིགས་ན། སེམས་ནང་། གལ་ཏེ་ངས་དེ་བྱེད་པ་ཡིན་ན། ང་ལ་ལུགས་མཐུན་གྱི་མཇུག་འབྲས་གཏོགས་པའི་ཁྲིམས་ཕོགས་སོགས་མཇུག་འབྲས་ངན་པ་འོ ང་བ་ཡིན། ཞེས་འཆར་བ་ལ་བརྟེན་ནས་སོ་སོའི་ངོས་ནས་དེ་ལྟར་བྱེད་རྒྱུ་སྤོང་བ་སྟེ། རང་ཉིད་ཀྱི་ཁེ་ཕན་རྒྱུ་མཚན་དུ་བྱས་ནས་སྤོང་བའི་ཕྱིར། གཞན་རྒྱུ་མཚན་དུ་བྱས་ནས་བསམ་བློ་གཏོང་ཚུལ་ལ་གཞིགས་ན། ང་ཚོས། གཞན་ཚོ་ནི་ང་དང་འདྲ་བ་སྟེ། ཁོང་ཚོར་ཡང་སྡུག་བསྔལ་དང་ན་ཟུག་དགོས་འདོད་མེད། དེར་བརྟེན། ངས་ཁོང་ཚོར་གནོད་འཚེ་སྤོང་རྒྱུ་ཡིན། ཞེས་སེམས་ཐུབ་སྲིད། ང་ཚོས་[སོ་སོའི་སེམས་]བློ་སྦྱོང་བྱེད་དུས་ཐོག་མར་རང་ཉིད་ཀྱི་ཁེ་ཕན་ལ་གཞིགས ་ནས་བསམ་བློ་གཏོང་བ་དང་དེ་ནས་གཞན་གྱི་ཐོག་ལ་བསམ་བློ་ཤུགས་ཆེར་གཏོང་གི་ཡོད། ཕན་ནུས་ལ་གཞིགས་ན། གཞན་གྱི་ཐོག་ལ་བསམ་བློ་ཤུགས་ཆེར་གཏོང་བ་དེ་སྟོབས་ཆེ་བ་ཡོད་པ་རེད། སོ་སོར་ཐར་པའི་སྡོམ་པ་ལ་གཞིགས་ན། དགེ་སྦྱོང་གི་འདུལ་ཁྲིམས་ལུགས་ལ། ཐོག་མའི་གཞི་རྩ་ནི་རང་དོན་དོན་གཉེར་གྱི་བློ་ཞིག་ཡིན་པ་དང་། དེ་ལ་བརྟེན་ནས་གཞན་ལ་གནོད་པ་སྤོང་བ་ཡིན། དེའི་རྒྱུ་མཚན་ནི་ཐར་པར་དམིགས་པས་སོ། བྱང་ཆུབ་སེམས་དཔའི་ཉམས་ལེན་ལ་གཞིགས་ན། གཞན་ལ་གནོད་པ་སྤོང་བའི་རྒྱུ་མཚན་གཙོ་བོ་ནི་གཞན་དོན་དོན་དུ་གཉེར་བའི་དབང་གི ས་སོ། གཉིས་པ་བྱང་ཆུབ་སེམས་དཔའི་ཉམས་ལེན་ཏེ། གཞན་ཕན་གྱི་ལྟ་བ་གཞི་རྩར་བཟུང་ནས་གཞན་ལ་གནོད་པ་སྤོང་བ་དང་ཕན་འདོགས་པ་དེ་ལ་ ཕལ་ཆེར་ངོས་ནས་རྒྱུན་དུ་ཤོད་བཞིན་པའི་འཇིག་རྟེན་གྱི་ཀུན་ཁྱབ་སེམས་འཁུར་ (altruism) དང་འབྲེལ་བ་འདུག། འགྲོ་བ་མི་ཡིན་པའི་ཆ་ནས་ང་ཚོའི་གཞི་རྩའི་རང་བཞིན། སྤྱིར་བཏང་ཆ་ནས་ང་ཚོ་འགྲོ་བ་མིའི་རིགས་ནི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པ ་རེད། སུ་ཞིག་གང་ཡིན་མིན་ལ་མ་ལྟོས་པར་ཁོའམ་མོའི་འཚོ་གནས་དེ་མིའི་རིགས་གཞན་ལྷག་མ་ རྣམས་ལ་བརྟེན་ཡོད། གང་ཟག་སྒེར་གྱི་འཚོ་གནས་དང་བདེ་དོན་ནི་སྤྱི་ཚོགས་ཡོངས་ལ་བརྟེན་ཡོད་པས་གཞན་ གྱི་བདེ་སྡུག་ལ་བསམ་བློ་གཏོང་དགོས་པ་དང། གཞན་གྱི་བདེ་སྡུག་ལ་སེམས་འཁུར་བྱེད་པ་དེ་ང་ཚོ་སོ་སོའི་གཞི་རྩའི་རང་བཞིན་ལས ་འབྱུང་གི་ཡོད། དཔེར་ན། ང་ཚོས་སྤྲ་ (baboons) རྣམས་ལ་མིག་གིས་བལྟས་ན། རྒན་པ་རྣམས་ཀྱིས་ཁྱུ་ཚོགས་ཀྱི་འགན་འཁུར་ཆ་ཚང་ལེན་གྱི་ཡོད། གཞན་རྣམས་ཟས་ལ་རོལ་པའི་སྐབས་སྤྲ་ཕོ་ཞིག་གིས་རྟག་ཏུ་ཟུར་ཞིག་ནས་བལྟ་སྲུང་བྱ ེད་ཀྱི་ཡོད། སྟོབས་ཆེ་བ་དག་གིས་ཁྱུ་ཚོགས་ཀྱི་བདེ་འཇགས་ཆེད་རུ་སྡེའི་ནང་གི་སྤྲ་རྣམས་ལ་ལ ྟ་རྟོག་བྱེད་ཀྱི་ཡོད་པ་རེད། གདོད་མའི་དུས་སུ་ང་ཚོ་འགྲོ་བ་མིའི་རིགས་ལ་ཤེས་ཡོན་ནམ་འཕྲུལ་ལས་རིག་པ་མེད་པ ་རེད། མིའི་སྤྱི་ཚོགས་ཀྱི་རྨང་གཞི་སྟབས་བདེ་པོ་ཞིག་སྟེ། ཚང་མས་མཉམ་དུ་ལས་ཀ་བྱས་པ་དང་མཉམ་དུ་སྤྱད་ཀྱི་ཡོད། དམར་ཤོག་པ་ཚོས་དེ་ནི་དམར་ཤོག་གི་ལྟ་བ་ངོ་མ་སྟེ། ཚང་མས་ལས་ཀ་བྱེད་པ་དང་ལོངས་སྤྱོད་མཉམ་དུ་བྱེད་པ་ཡིན་ཞེས་བརྗོད། དེ་ནས་རིམ་བཞིན་ཤེས་ཡོན་དར་ཁྱབ་བྱུང་ནས་ང་ཚོར་སྲིད་པའི་དཔལ་ཡོན་བྱུང་བ་རེད ། [མིའི་]སེམས་ཀྱི་སྤྲོས་པ་རྒྱས་སུ་སོང་བར་བརྟེན་འདོད་རྔམ་ཆེ་རུ་སོང་བ་རེད། དེས་ཕྲ་དོག་དང་ཞེ་སྡང་བྱུང་བ་དང། དུས་ཚོད་འགྲོ་བ་དང་ལྷན་དུ་དེ་དག་ཀྱང་ཆེ་རུ་ཆེ་རུ་ཕྱིན་ཡོད་པ་རེད། དེང་སང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་[མིའི་སྤྱི་ཚོགས་ཁྲོད་]འགྱུར་བ་ཧ་ཅང་ མང་པོ་བྱུང་ཡོད། [ང་ཚོའི་ནང་དུ་ཁྱད་པར་གོང་དུ་འཕེལ་བ་སྟེ།] ཤེས་ཡོན་དང་། ལས་ཀ །སྤྱི་ཚོགས་རྒྱབ་ལྗོངས་ མ་ཟད་ལོ་དང་རིགས་རྒྱུད་ཁྱད་པར་ཡོད་པ་རེད། དེ་དག་ཚང་མ་གཙོ་གནད་ཆེན་པོ་མིན། གཞི་རྩའི་གནས་སྟངས་ཐོག་ལ་ང་ཚོ་ཚང་མ་ད་དུང་ཡང་འགྲོ་བ་མིའི་རིགས་ཡིན་པ་དང་ཚང ་མ་མཉམ་པ་ཡིན། དེ་ནི་ལོ་ཁྲི་ཁྲག་ཁ་ཤས་ཕྱིན་པའི་གནས་སྟངས་ཤིག་རེད། བྱིས་པ་ཚོའི་བསམ་ཕྱོགས་ནི་འདི་ལྟར་ཏེ། ཁོང་ཚོས་བྱིས་པ་གཞན་ཚོའི་སྤྱི་ཚོགས་རྒྱབ་ལྗོངས་དང་། ཆོས་ལུགས། རིགས་རྒྱུད། ཁ་དོག རྒྱུ་ནོར་སོགས་ལ་དོ་སྣང་བྱེད་ཀྱི་མེད། ཁོང་ཚོ་ཚང་མས་རྩེད་མོ་མཉམ་དུ་རྩེ་བ་སྟེ། ཕན་ཚུན་འཆམ་མཐུན་ག་ཚོད་བྱུང་བའི་བར་དུ་ཁོང་ཚོ་ནི་ལྷད་མེད་ཀྱི་རྩེད་གྲོགས་ཡ ིན་པ་རེད། ད་ལྟ་ང་ཚོ་ལོ་ན་སོན་ཡོད་པས་སྤྱང་གྲུང་དོད་དུ་ཕྱིན་པ་དང་ཡར་རྒྱས་ཆེ་རུ་སོང་ བའི་དབང་དུ་བཏང་ནའང། ང་ཚོས་གཞན་གྱི་སྤྱི་ཚོགས་རྒྱབ་ལྗོངས་ལ་དབྱེ་ཞིབ་བྱེད་ཀྱི་ཡོད་པ་རེད། ང་ཚོས། གལ་ཏེ་ངས་འཛུམ་མུལ་བྱེད་པ་ཡིན་ན། ངས་འདོད་པ་རྣམས་འཐོབ་བམ། ངས་ཁྲོ་གཉེར་སྟོན་ཚེ། གང་ཞིག་བརླག་འགྲོ་འམ། ཞེས་ཁོག་རྩིས་རྒྱག་གི་ཡོད། འཇིག་རྟེན་ཀུན་ཁྱབ་སེམས་འཁུར། འཇིག་རྟེན་ཀུན་ཁྱབ་སེམས་འཁུར་ (universal responsibility) གྱི་བསམ་ཚུལ་དེས་འགྲོ་བ་མི་ཞིག་གི་ཐོག་ནས་བྱ་བ་སྒྲུབ་ཀྱི་ཡོད། ང་ཚོས་འགྲོ་བ་མིའི་རིགས་གཞན་ལ་སེམས་འཁུར་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ནི། ང་ཚོས། ང་ཁོང་ཚོའི་ནང་གི་མི་གཅིག་ཡིན། ཁྱད་པར་ཅི་ཞིག་ཡོད་མེད་ལ་མ་ལྟོས་པར་ངའི་བདེ་དོན་ཁོང་ཚོར་རྟེན་ཡོད། ཅེས་སེམས་པའི་ཐོག་ནས་སོ། ཁྱད་པར་ནི་རྟག་ཏུ་དེར་ཡོད་པ་རེད། འོན་ཀྱང་དེས་ཕན་ཐོགས་ཡོང་ངེས། དུས་རབས་ཁ་ཤས་ཀྱི་ནང་སའི་གོ་ལ་དེའི་སྟེང་མི་འབོར་ཐེར་འབུམ་གཅིག་ལས་མེད་ཅིང ། ད་ལྟ་ཐེར་འབུམ་དྲུག་གི་སྒང་ལ་ཡོད་པ་རེད། མི་འབོར་ཚད་ལས་བརྒལ་བར་བརྟེན་ད་ལྟ་ནས་ལུང་པ་གཅིག་གིས་སོ་སོའི་མི་དམངས་ལ་ཟས ་རིགས་དང་ཐོན་ཁུངས་ཚང་མ་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད། བྱས་ཙང་ང་ཚོར་རྒྱལ་སྤྱིའི་དཔལ་འབྱོར་ (global economy) ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང། དེང་སང་གི་དངོས་ཡོད་ལ་གཞིགས་ན། འཛམ་བུ་གླིང་ཆུང་ཆུང་ཡིན་པ་དང་ཧ་ཅང་གིས་གཅིག་ལ་གཅིག་བརྟེན་པ་ཆགས་ཡོད། དེ་ནི་དངོས་ཡོད་ཡིན། དེ་ལས་གལ་ཆེ་བ་ཞིག་ལ་སྣོད་བཅུད་ཀྱི་ (ecological) གནད་དོན་ཞིག་ཡོད་པ་སྟེ། འཛམ་གླིང་ཚ་དྲོད་འཕེལ་བ་དེ་ཡིན། དེ་ནི་རྒྱལ་ཁབ་གཅིག་གམ་གཉིས་ཙམ་མིན་པར་སའི་གོ་ལའི་སྟེང་དུ་གནས་སྡོད་བྱེད་མ ཁན་ཐེར་འབུམ་དྲུག་ཡོངས་རྫོགས་ཀྱི་འགན་འཁུར་ཞིག་ཡིན། དངོས་ཡོད་གསར་པ་དེ་ལ་འཇིག་རྟེན་ཀུན་ཁྱབ་སེམས་འཁུར་གྱི་ཚོར་སྣང་ཞིག་དགོས་པ་ ཡིན་ནོ། ། དཔེར་ན། འདས་པའི་དུས་སུ་དབྱིན་ཇི་བ་ཚོས་སོ་སོ་རང་ཉིད་གཅིག་པུ་བསམས་ནས་སྐབས་རེ་སའི་ གོ་ལའི་ས་ཆ་གཞན་རྣམས་གཏོར་བཤིག་གཏོང་གི་ཡོད། ཁོང་ཚོས་མིའི་རིགས་གཞན་གྱི་ཚོར་སྣང་ངམ་སེམས་ཁྲལ་ལ་དོ་འཁུར་བྱེད་ཀྱི་མེད་པ་ རེད། དེ་ནི་འདས་པའི་གནས་ཚུལ་རེད། འོན་ཀྱང་ད་ལྟ་གནས་ཚུལ་ཐ་དད་དེ། གནས་ཚུལ་དེར་འགྱུར་ལྡོག་ཕྱིན་ཡོད། ད་ནས་ང་ཚོས་ངེས་པར་དུ་རྒྱལ་ཁབ་གཞན་ལ་དོ་འཁུར་བྱེད་དགོས། དོན་དངོས་ཐོག་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་ལེགས་པའི་ཆ་ཁ་ཤས་བསྒྲུབས་ཡོད། ཁོང་ཚོས་རྒྱ་གར་དུ་དབྱིན་ཡིག་ནང་ཤེས་ཡོན་ཡག་པོ་འཁྱེར་ཡོང་ཡོད་པ་རེད། དེ་ནས་རྒྱ་གར་གྱིས་རྗེས་སུ་ཡི་རངས་ཞུ་དགོས་པ་མང་པོ་ཡོད། ད་དུང་དབྱིན་ཇིས་འཕྲུལ་ལས་རིག་པ་སྟེ། མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱས། དེ་ནི་ཁྱེད་རང་ཚོའི་ཡར་རྒྱས་བཏང་བའི་ཁྱད་ཆོས་ཀྱི་ནང་ནས་གཅིག་ཡིན། ངོས་རང་རྒྱ་གར་ནང་བསླེབས་པའི་དུས་གྷན་དྷིའི་རིང་ལུགས་པ་ཁ་ཤས་ད་དུང་ཡང་སྐུ་ འཚོ་བཞུགས་རེད་འདུག་པ་དང་ཁོང་རྣམ་པ་ཚོས་ངོས་རང་ལ་གྷན་དྷའི་འཚེ་མེད་ཞི་བའི་ ཐབས་ལམ་ཐོག་བསླབ་བྱ་གནང་བྱུང། དེའི་སྐབས་སུ་ངོས་ལ་དབྱིན་ཇི་བཙན་རྒྱལ་རིང་ལུགས་པ་སྡུག་ཅག་ཞེ་དྲག་ཡིན་པ་ཚོ ར་བྱུང། འོན་ཀྱང་དེ་ནས་ངོས་ཀྱིས་དེའི་སྐབས་རང་དབང་ཅན་གྱི་རྒྱ་གར་ཁྲིམས་ཞིབ་ཁང་དང། རང་དབང་ཅན་གྱི་གསར་འགོད་པ། སྨྲ་བརྗོད་རང་དབང་སོགས་དེ་འདྲ་བ་མང་པོ་ཞིག་ཡོད་པ་ཤེས་བྱུང། དེར་བརྟེན། ངོས་ནས་བསམ་བློ་གཏིང་རིང་པོ་བཏང་བའི་དུས་དེ་དག་ནི་ཡག་པོ་ཞེ་དྲག་ཡིན་པ་མཐོང ་སོང། དེ་རིང་ཁ་སང། རྒྱལ་ཁབ་ནས་རྒྱལ་ཁབ་ཀྱི་བར་དང་གླིང་ཕྲན་ནས་གླིང་ཕྲན་གྱི་བར་ལ་ཕན་ཚུན་གཅིག་ ལ་གཅིག་བརྟེན་ཤུགས་ཆེན་པོ་ཡོད་པ་རེད། དངོས་ཡོད་གནས་ཚུལ་དེ་ལ་གཞིགས་ནས་ང་ཚོར་དངོས་འབྲེལ་དུ་འཇིག་རྟེན་ཀུན་ཁྱབ་ཀྱ ི་སེམས་འཁུར་དགོས་ཀྱི་ཡོད། ཁྱེད་རང་གི་རང་དོན་ནི་གཞན་གྱི་ཡར་རྒྱས་དང་ཁེ་ཕན་ལ་ལྟོས་ཡོད་པ་རེད། དེར་བརྟེན། སོ་སོའི་རང་དོན་ཆེད་དུ་གཞན་ལ་དོ་འཁུར་བྱེད་དགོས། དཔལ་འབྱོར་གྱི་གནས་སྟངས་ནང་དེ་འདྲའི་བྱེད་སྟངས་དེ་ཡོད་བཞིན་པ་རེད། ང་ཚོར་ལྟ་ཚུལ་མི་འདྲ་བ་ཡོད་པ་དང་ང་ཚོས་ཕན་ཚུན་ཡིད་ཆེས་བྱེད་ཀྱི་མེད་ནའང། ང་ཚོས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་རྒྱལ་སྤྱིའི་དཔལ་འབྱོར་ནང་ཕན་ཚུན་འབྲེ ལ་བ་བྱེད་དགོས་ཀྱི་ཡོད། དེ་འདྲ་སོང་བ་ཡིན་ཙང། གཞན་དོན་ལ་གུས་བརྩི་གཞི་རྩར་བཟུང་བའི་འཇིག་རྟེན་ཀུན་ཁྱབ་སེམས་འཁུར་ནི་ཧ་ཅང ་གི་གལ་འགངས་ཆེན་པོ་ཡིན། ང་ཚོས་སོ་སོ་ལས་གཞན་པའི་གང་ཟག་རྣམས་གཅེན་གཅུང་དུ་ཆ་འཇོག་གིས་སེམས་ཐག་ཉེ་པོ ་ཞིག་དགོས། དེ་ནི་ཆོས་དང་འབྲེལ་བ་གང་ཡང་མེད། ང་ཚོས་དངོས་གནས་དེ་འདྲ་ཞིག་དགོས་པ་ཡིན། ང་ཚོ་དང་ཁོང་ཚོ་ཞེས་པའི་བསམ་ཚུལ་དེ་གནས་སྟངས་འགའ་ཞིག་གི་ཐོག་ང་ཚོས་བརྗོད་ཆ ོག་ནའང་། འཛམ་གླིང་ཧྲིལ་པོར་དེ་ཉིད་ང་ཚོའི་ཆ་ཤས་སུ་ཆ་འཇོག་དགོས་ཀྱི་ཡོད། ང་ཚོའི་ཁྱིམ་མཚེས་ཀྱི་ཁེ་ཕན་ནི་ང་རང་ཚོ་རང་ཉིད་ཀྱི་ཁེ་ཕན་ཡིན་པ་རེད། ཆོག་ཤེས་པ། དེས་ན་གང་ཟག་སྒེར་ཞིག་གི་ཐོག་ནས་བཟང་སྤྱོད་ལྡན་པའི་མི་ཚེ་ (ethical life) སྐྱེལ་བ་ཞེས་པའི་དོན་ནི་གཞན་ལ་གནོད་པ་བྱེད་པའི་དོན་ལ་མི་གོ་བར་གང་ཐུབ་ཅི་ཐ ུབ་ཀྱིས་གཞན་ལ་ཕན་འདོགས་དགོས་པའི་དོན་ལ་གོ།[དེ་འདྲ་བྱེད་པའི་ཐོག་ནས།] གལ་ཏེ་ང་ཚོས་གཞན་གྱི་བདེ་དོན་དེ་སོ་སོ་རང་ཉིད་ཀྱི་བཟང་སྤྱོད་ཀྱི་གཞི་རྩར་བ ྱས་ཚེ། དེ་བཟང་སྤྱོད་ཀྱི་དམིགས་ཚད་ཆེ་བ་ཞིག་ཏུ་འགྱུར་བ་ཡིན། ང་ཚོ་སོ་སོའི་མི་ཚེ་སྐྱེལ་སྟངས་ཀྱིས་གནད་དོན་དེ་དག་ལ་བསམ་ཞིབ་བྱེད་དགོས། དབུལ་ཕྱུག་གཉིས་ཀྱི་དབར་ལ་བར་ཁྱད་ཆེན་པོ་ཞིག་ཡོད་པ་རེད། ཨ་རིའི་ལུང་པའི་ནང་ལའང་དེ་རང་ཡིན། ང་ཚོས་རྒྱལ་ཁབ་ཕྱུག་ཤོས་ཨ་མེ་རི་ཀར་བལྟས་པ་ཡིན་ན། ད་དུང་ཡང་ཉམ་ཐག་དབུལ་ཕོངས་ཡོད་པ་རེད། ཐེངས་ཤིག་ངོས་རང་ལུང་པའི་ནང་གི་གྲོང་ཁྱེར་ཕྱུག་ཤོས་ཝ་ཤིང་ཊོན་ཌི་སི་ལ་ཡོད་ པའི་སྐབས་ས་གནས་སྐྱོ་པོ་མང་པོ་མཐོང་བྱུང། མི་དེ་དག་གི་གཞི་རྩའི་དགོས་མཁོ་རྣམས་འདང་ངེས་བཞིན་པ་སྒྲུབ་ཐུབ་ཀྱི་མེད་པ་ར ེད། [དེ་བཞིན་དུ་]གོ་ལ་ཁྱོན་ཡོངས་ཀྱི་ཐོག་ནས་བཟོ་ལས་ཅན་དུ་གྱུར་བའི་བྱང་ཕྱོགས་ པ་རྣམས་ནི་དེ་བྱིངས་ཀྱི་གོ་ལ་ལས་ཡར་རྒྱས་ཆེ་བ་དང་ཆེས་དཔལ་འབྱོར་ཡག་པ་ཡོད་པ ་དང། དེ་ལྟའི་གནས་སྐབས་སུ་གོ་ལའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཕྱེད་ཀ་རྣམས་ནི་བཀྲེས་ལ ྟོགས་ཀྱིས་ཀྱང་མནར་བཞིན་ཡོད་པ་རེད། དེ་ནི་ཀུན་སྤྱོད་ཀྱི་ཐོག་ནས་ནོར་བ་ཙམ་མིན་པར། དཀའ་ངལ་ཆེན་པོའི་གཞི་རྩ་ཞིག་ཡིན་པ་རེད། དེར་བརྟེན། རྒྱལ་ཁབ་ཕྱུག་པོ་འགའ་ཞིག་གིས་མིག་བལྟས་ནས་ཁོང་ཚོའི་འཚོ་བའི་གནས་སྟངས་ལ་བརྟ ག་དཔྱད་བྱེད་དགོས་པ་སྟེ། སོ་སོར་ཆོག་ཤེས་ཀྱི་ཉམས་ལེན་དགོས་པ་ཡིན་ནོ། ། ལོ་བཅོ་ལྔའི་གོང་གི་ཉིན་ཞིག་ཉི་ཧོང་ནང་དུ་ངོས་ནས་དེར་ཡོད་མི་མང་རྣམས་ལ་བརྗ ོད་གསལ་དུ། དཔལ་འབྱོར་ལོ་རེ་བཞིན་འཕེལ་རྒྱས་ངེས་པར་དུ་འགྲོ་དགོས་པ་དང་ལོ་རེ་བཞིན་དངོས ་པོའི་ཡར་རྒྱས་ཡོང་དགོས་པའི་ཁྱེད་རང་ཚོའི་འཛིན་པ་དེ་ནོར་འཁྲུལ་ཆེན་པོ་ཞིག་ རེད། ཉིན་ཞིག་ཁྱེད་རང་ཚོས་སོ་སོའི་དཔལ་འབྱོར་ཚད་ཅན་ (limited) དུ་འགྱུར་བཞིན་པ་མཐོང་སྲིད་པ་ཡིན། ཁྱེད་རང་ཚོས་དེ་ལ་གྲ་སྒྲིག་བྱེད་དགོས་པ་ཡིན་ཏེ། གནས་ཚུལ་དེ་ལྟར་འཕྲད་ཚེ་སོ་སོའི་སེམས་ལ་རྐྱེན་ངན་མི་བྱུང་བའི་ཁྱད་ཡོད་པ་ཡི ན་ཅེས་བརྗོད་པ་ཡིན། ལོ་ཁ་ཤས་ཀྱི་རྗེས་སུ་ཉི་ཧོང་ནང་དངོས་སུ་གནས་སྟངས་དེ་བྱུང་བ་རེད། མི་ཁ་ཤས་ཀྱི་མི་ཚེ་སྐྱེལ་སྟངས་ནང་རྒྱས་སྤྲོས་ཆེ་དྲགས་ཀྱི་ཡོད། རྐུ་འཁྱེར་དང་བཤུ་གཞོག་མ་བཏང་བ་དང། མགོ་སྐོར་སླུ་བྲིད་མ་བཏང་བའི་ཐོག་ནས་ཁོང་ཚོར་དངུལ་མང་པོ་ཞིག་ཡོད་པ་རེད། ཁོང་ཚོ་རང་ཉིད་ཀྱི་ཁེ་ཕན་གྱི་ཕྱོགས་ལ་གཞིགས་ན། ཁོང་ཚོའི་དངུལ་སྒྲུབ་ཚུལ་དེ་བཟང་སྤྱོད་དང་མི་མཐུན་པའི་སྐྱོན་གང་ཡང་མེད། འོན་ཀྱང། གཞན་གྱི་ཁེ་ཕན་ཐོག་ལ་གཞིགས་ན། ཁོང་ཚོ་སོ་སོར་ལྟོས་ན་སྐྱོན་གང་ཡང་མེད་ནའང། བཟང་སྤྱོད་ཀྱི་ཐོག་ནས་གཞན་བཀྲེས་ལྟོགས་ཀྱིས་མནར་བ་དེ་ཡག་པོ་ཞིག་མིན། གལ་ཏེ་མི་ཚང་མར་རྒྱས་སྤྲོས་ཆེན་པོའི་མི་ཚེ་སྐྱེལ་སྟངས་མཉམ་པ་ཞིག་ཡོད་ཚེ་འག ྲིག་པ་ཡིན། འོན་ཀྱང་དེ་ལྟར་མ་བྱུང་བར་དུ་ཆོག་ཤེས་ཆེ་བ་བྱེད་པ་དེ་མི་ཚེ་སྐྱེལ་སྟངས་ལེག ས་པ་ཡིན། ངོས་ནས་ཉི་ཧོང་དང་ཨ་རི་ལ་སོགས་པ་དེ་མིན་གྱི་སྤྱི་ཚོགས་ཕྱུག་པོ་མང་པོའི་ནང་ ཉམས་མྱོང་བྱུང་བ་བཞིན་མི་ཚེ་སྐྱེལ་སྟངས་ལ་ལེགས་བཅོས་འགའ་ཞིག་དགོས་ཀྱི་འདུག ལུང་པ་མང་པོ་ཞིག་གི་ནང་ཁྱིམ་ཚང་གཅིག་ཡོད་ནའང་མོ་ཊ་གཉིས་སམ་སྐབས་རེ་གསུམ་ཡོ ད་པའང་ཡོད། རྒྱ་གར་དང་རྒྱ་ནག་ལ་བསམ་བློ་ཐོངས་དང། ལུང་པ་དེ་གཉིས་ཀྱི་མི་འབོར་བསྡོམས་ན་མི་གྲངས་ཐེར་འབུམ་གཉིས་ཙམ་ཟིན་གྱི་ཡོད ། གལ་ཏེ་མི་གྲངས་ཐེར་འབུམ་གཉིས་ལ་མོ་ཊ་ཐེར་འབུར་གཉིས་སམ་དེ་ལས་མང་བ་བདག་པ་ཡི ན་ན། དེ་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་ངེས། དེར་དཀའ་ངལ་ཆེན་པོ་ཞིག་འཕྲད་ངེས་པ་སྟེ། སྣུམ་དང་། དངོས་ཟོག་ཐོན་ཁུངས། རང་བྱུང་ཐོན་ཁུངས་ཀྱི་དཀའ་རྙོག་ཆེན་པོ་མང་པོ་འབྱུང་བ་ཡིན། ཧ་ཅང་གི་རྙོག་འཛིང་ཅན་ཞིག་ཏུ་འགྱུར་ངེས་སོ། ། ཁོར་ཡུག་ལ་དོ་འཁུར། དེས་ན། བཟང་སྤྱོད་ལྡན་པའི་མི་ཚེའི་ཁྱད་ཆོས་འཕར་མ་ཞིག་ནི་དཔེར་ན། ང་ཚོའི་ཆུ་བེད་སྤྱོད་གཏོང་སྟངས་ལ་གཞིགས་ནས་ཁོར་ཡུག་ལ་དོ་འཁུར་བྱེད་པ་དེ་ཡི ན། ངོས་རང་གི་ལེགས་སྐྱེས་ནི་ཆོ་མེད་ཡིན་སྲིད་ནའང། ལོ་མང་པོའི་སྔོན་ནས་ཁྲུས་གཞོང་ནང་གཟུགས་པོ་ནམ་ཡང་འཁྲུ་གི་མེད་ཅིང་། ཆུ་གཏོར་ (shower) ཁོ་ན་སྤྱོད་ཀྱི་ཡོད། ཁྲུས་གཞོང་ནང་ཆུ་མང་བ་བེད་སྤྱོད་བྱེད་དགོས་ཀྱི་ཡོད། གཅིག་བྱས་ན་ངོས་རང་བྱབ་ཆུང་ཡིན་སྲིད་པ་སྟེ། ཉིན་ལྟར་གཟུགས་པོ་ཐེངས་གཉིས་འཁྲུ་གི་ཡོད་པས་ཆུའི་བེད་སྤྱོད་བྱེད་ཚད་མཉམ་པ་ ཡིན། འོན་ཀྱང་དེ་ལྟ་ནའང་ངོས་རང་ཉལ་ཁང་ལས་ཐོན་པའི་སྐབས་རྒྱུན་དུ་གློག་གསོད་ཀྱི་ཡ ོད། དེར་བརྟེན་ངོས་ནས་སྣོད་བཅུད་ལ་ལེགས་སྐྱེས་ཏིལ་འབྲུ་ཙམ་ཞིག་འབུལ་གྱི་ཡོད་པ་ རེད། དེས་ན། བཟང་སྤྱོད་ལྡན་པའི་མི་ཚེ་ནི་འཇིག་རྟེན་ཀུན་ཁྱབ་སེམས་འཁུར་ལས་འོང་གི་ཡོད་པ་ ཡིན་ནོ། ། གཞན་ལ་ཕན་འདོགས་ཚུལ། གཞན་ལ་ཕན་འདོགས་ཚུལ་ལ་མཚོན་ན། ཐབས་ལམ་མང་པོ་ཞིག་ཡོད་ཅིང། ཤུགས་ཆེ་བ་གནས་སྟངས་ལ་རག་ལུས་པ་ཡིན། ངོས་རང་ཆུང་ཆུང་ལོ་བདུན་ནམ་བརྒྱད་ལ་སོན་ཞིང་སློབ་སྦྱོང་བྱེད་པའི་སྐབས་ངོས་ ཀྱི་ཡོངས་འཛིན་གླིང་རིན་པོ་ཆེས་རྒྱུན་དུ་ཕྱག་ལ་རྟ་ལྕག་བསྣམས་ཀྱི་ཡོད། དེའི་དུས་ངོས་ཀྱི་ཉེ་བའི་གཅེན་པོ་དང་ངོས་རང་མཉམ་དུ་སློབ་སྦྱོང་བྱེད་ཀྱིན་ཡ ོད་པ་རེད། དངོས་འབྲེལ་བྱས་ན། རྟ་ལྕག་གཉིས་ཡོད། རྟ་ལྕག་གཅིག་མདོག་སེར་པོ་སྟེ། རྩ་ཆེན་གྱི་རྟ་ལྕག་ཡིན་ཞིང། སྐྱེ་བོ་དམ་པ་ཏཱ་ལའི་བླ་མའི་ཆེད་དུ་ཡིན་པ་རེད། གལ་ཏེ་རྩ་ཆེན་གྱི་རྟ་ལྕག་དེ་བེད་སྤྱོད་བཏང་ཚེ། རྩ་ཆེན་གྱི་ན་ཟུག་ཅིག་ཡོད་པར་ངོས་ནས་མི་ཚོར། ཐབས་ཚུལ་གྱི་ཆ་ནས་དེ་རྩུབ་པོ་ཞིག་ཏུ་སྣང་ནའང། དེ་ཕན་ཐོགས་ཆེན་པོ་བྱུང། དོན་དམ་དུ་ལས་གང་ཞིག་ཕན་ནམ་གནོད་ཡོད་མེད་ནི་ཀུན་སློང་ལ་རག་ལུས་པ་རེད། གཞན་གྱི་ཕུགས་རྒྱང་རིང་པོའི་བདེ་དོན་ལ་ཟོལ་མེད་ཀྱི་དོ་འཁུར་བྱེད་པ་ནི་སྐབས ་རེ་ཐབས་ལམ་རྩུབ་པོ་དང། སྐབས་རེ་ཞི་འཇམ་ཡོང་གི་ཡོད། སྐབས་རེ་རྫུན་ཆུང་ངུ་ཞིག་གིས་ཀྱང་་ཕན་ཐོགས་ཡོང་གི་ཡོད་པ་ནི། དཔེར་ན། ཐག་རིང་ལུང་པ་ཞིག་ཏུ་ཡོད་པའི་བརྩེ་བའི་གྲོགས་པོའམ་ཕ་མ་གང་རུང་ཞིག་ནད་གཞི་ད ྲག་པོས་མནར་བའམ་འཆི་བར་ཉེ་བའི་གནས་ཚུལ་ཁྱེད་རང་གིས་ཤེས་ཀྱི་ཡོད་པའི་དབང་དུ ་བཏང། འོན་ཀྱང་ཁྱེད་རང་གིས་གང་ཟག་གཞན་དེར་ཁོང་རང་ཚོའི་ཕ་མ་འཆི་བར་ཉེ་བའི་གནས་ཚུལ ་བཤད་ཚེ་མི་དེ་སེམས་འཁྲུག་པ་དང་སེམས་སྡུག་ཏུ་འགྱུར་ནས་དྲན་མེད་དུ་འགྱེལ་ངེ ས་པ་ཤེས་ཀྱི་ཡོད། གལ་ཏེ་ཁྱེད་རང་ལ་གང་ཟག་གཞན་དེར་སེམས་སྡུག་བཟོ་འདོད་རྩ་བ་ནས་མེད་ཚེ། ཁྱེད་རང་གིས་ཁོང་ཚོ་བདེ་ཐང་རེད་ཅེས་བརྗོད་ཀྱི་རེད། དེས་ན་གནས་སྟངས་དེ་འདྲའི་འོག་སོ་སོའི་རང་དོན་གྱི་ཆ་ནས་རྫུན་སྨྲ་བ་ནི་བཟང་ས ྤྱོད་དང་མི་མཐུན་ནའང་། འོན་ཀྱང་གཞན་གྱི་ཕྱོགས་ནས་བཤད་ན་དེ་ནི་ཕལ་ཆེར་འཚམ་ཤོས་ཤིག་ཡིན་ངེས། འཚེ་བའི་ཁ་གཏད་དུ་འཚེ་མེད་ཞི་བའི་ཐབས་ལམ། གཞན་ལ་ཕན་འདོགས་ཚུལ་ལེགས་ཤོས་གང་ཡིན་ནམ། དེ་ནི་དཀའ་ལས་ཁག་པོ་རེད། ང་ཚོར་ཤེས་རབ་དགོས་པ་སྟེ། ང་ཚོར་གནས་སྟངས་ཀྱི་གོ་རྟོགས་གསལ་པོ་ཞིག་དགོས་པ་དང། གནས་སྟངས་འདྲ་མིན་ལ་གཞིགས་པའི་ཐབས་ལམ་སྣ་ཚོགས་སྤྱོད་པའི་འཁྱུག་བདེ་ (flexibility) དགོས་པ་ཡིན། ད་དུང་གལ་འགངས་ཆེ་ཤོས་སུ་ང་ཚོའི་ཀུན་སློང་སྟེ། གཞན་ལ་ཕན་སེམས་བཅོས་མ་མ་ཡིན་པ་ཞིག་ང་ཚོར་དགོས་སོ། ། དཔེར་ན། ཐབས་ལམ་ཞིག་འཚེ་བ་དང་འཚེ་མེད་གང་ཡིན་ནི་ཀུན་སློང་ལ་ཤུགས་ཆེར་རག་ལུས་ཡོད་པ་ རེད། ཕན་སེམས་ཀྱིས་རྫུན་སྨྲ་བ་ནི་ངོ་བོའི་ཆ་ནས་འཚེ་བ་ཅན་ཞིག་ཡིན་ནའང། ཀུན་སློང་ལ་གཞིགས་ན་དེ་གཞན་ལ་ཕན་འདོགས་པའི་ཐབས་ལམ་ཞིག་ཡིན་ངེས། དེར་བརྟེན། བསམ་ཚུལ་དེའི་ཐོག་ནས་བཤད་ན་དེ་ནི་འཚེ་མེད་ཀྱི་ཐབས་ལམ་ཞིག་ཡིན། ཕྱོགས་གཞན་ཞིག་ནས། གལ་ཏེ་ང་ཚོས་གཞན་ལ་བཤུ་གཞོག་གཏོང་འདོད་ཀྱིས་ཁོང་ཚོར་རྔན་པ་སྤྲད་པ་ཡིན་ན། མཐོང་ཚུལ་ལ་དེ་འཚེ་བ་མེད་པ་ཞིག་ཏུ་སྣང་ནའང་། དོན་དམ་དུ་ང་ཚོས་གཞན་ལ་མགོ་སྐོར་སླུ་བྲིད་ཀྱིས་བཤུ་གཞོག་གཏོང་འདོད་ཡོད་པར་ བརྟེན་དེ་ནི་འཚེ་བའི་ཐབས་ལམ་ཞིག་ཡིན། དེར་བརྟེན། འཚེ་བའམ་འཚེ་བ་མེད་པ་ཡང་ཀུན་སློང་ལ་རག་ལུས་པ་རེད། འགྲོ་བ་མི་ཚང་མའི་ལས་ནི་ཀུན་སློང་ལ་རག་ལུས་པ་ཡིན། དེ་གང་ཙམ་ཞིག་བསྒྲུབ་བྱ་ལའང་རག་ལུས་ཤིང། འོན་ཀྱང་གལ་ཏེ་དམིགས་ཡུལ་དེ་བསྒྲུབ་བྱ་ཙམ་ཞིག་ཡིན་པ་དང་ཀུན་སློང་དེ་ཁྲོང་ཁ ྲོ་ཡིན་ཚེ་དེ་ནི་དཀའ་བས་ཀུན་སློང་ནི་གལ་ཆེ་ཤོས་ཡིན་པ་སྨྲོས་ཅི་དགོས། ཆོས་ལུགས་ནང་ཁུལ་དབར་འཆམ་མཐུན། འདིར་བྱུང་བའི་ང་ཚོའི་བགྲོ་གླེང་ལས་ཁྱེད་རང་ཚོ་ཁྱིམ་དུ་ལོག་དུས་ཅི་ཞིག་འཁྱ ེར་དགོས་མིན་ལ་མཚོན་ན། གལ་ཆེན་པོ་ཞིག་ནི་ནང་སེམས་ཀྱི་ཞི་བདེ་ཡར་རྒྱས་གཏོང་ཐབས་བྱེད་དགོས་པ་དེ་ཡིན ། དེ་ནི་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་དང་ང་ཚོ་སོ་སོའི་རྒྱུད་ལ་ས ྐྱེ་དགོས་པ་ཞིག་ཡིན་པ་རེད། དེའི་ཐོག་ལ་འདིར་ཕེབས་མཁན་ནང་ནས་ཆོས་ལུགས་ཤིག་གི་རྗེས་སུ་འཇུག་མཁན་དང་ཆོས་ དད་པ་ཡིན་མཁན་རེ་འགའ་ཡོད་ཚེ། ངོས་ཀྱིས་ནན་བཤད་བྱེད་ས་གཙོ་བོ་ནི་ཆོས་ལུགས་ནང་ཁུལ་དབར་གྱི་འཆམ་མཐུན་དེ་ཡི ན། ངོས་ཀྱི་བསམ་བློར་ཆོས་ལུགས་ཆུང་ཁག་ཉི་མ་དང་ཟླ་བར་ཆོས་བྱེད་མཁན་ཕལ་ཆེར་ཉུང་ ངུ་ཞིག་ལས་མེད་ཅིང། ཁོང་ཚོར་རིགས་པའི་གཞུང་ལུགས་དེ་ཙམ་མེད་པ་རེད་མ་གཏོགས་དེ་མིན་གྱི་ཆོས་ལུགས་ ཆེ་ཁག་ཕལ་མོ་ཆེར་རིགས་པའི་གཞུང་ལུགས་སམ་ཆོས་ལུགས་ཀྱི་རྣམ་གཞག་གང་ཙམ་ཞིག་ཡོ ད་པ་རེད། གང་ལ་ཞེ་ན། ཁོང་ཚོའི་ཆོས་ལུགས་དེ་རིགས་པའི་གཞུང་ལུགས་ངེས་ཅན་ཞིག་ལ་ཁུངས་གཏུགས་ཡོད་པ་ཡ ིན་ཏེ། ལོ་ངོ་སྟོང་ཕྲག་མང་པོ་རིང་རྒྱུན་འཛིན་བྱས་ཡོད་པའི་ཕྱིར། འོན་ཀྱང་རིགས་པའི་གཞུང་ལུགས་འདྲ་མིན་ལ་མ་ལྟོས་པར་ཆོས་ལུགས་ཚང་མས་བརྩེ་བ་དང ་སྙིང་རྗེ་ཉམས་ལེན་བྱེད་པ་དེ་ཉམས་ལེན་ལེགས་ཤོས་སུ་ཆ་འཇོག་བྱེད་ཀྱི་ཡོད་པ་ར ེད། སྙིང་རྗེ་དང་ལྷན་དུ་བཟོད་བཞེས་ (forgiveness) ཀྱི་སེམས་རང་བཞིན་དུ་འབྱུང་བ་དང། དེ་ནས་བཟོད་སྒོམ་དང་ཆོག་ཤེས་འབྱུང་བ་ཡིན། རྒྱུ་རྐྱེན་དེ་གསུམ་དང་ལྷན་དུ་དེར་ཡིད་ཚིམ་ཡོད་པ་རེད། དེ་ནི་ཆོས་ལུགས་ཚང་མར་ཐུན་མོང་དུ་ཡོད། ང་ཚོས་ཤོད་བཞིན་པའི་གཞི་རྩའི་མིའི་རིན་ཐང་རྒྱ་སྐྱེད་གཏོང་རྒྱུར་དེ་དག་ཀྱང་ གལ་ཆེ། དེར་བརྟེན། གཞི་རྩ་དེའི་ཐོག་ལ་ང་ཚོའི་ཆོས་ལུགས་ཚང་མ་ཕན་ཐོགས་ཆེན་པོ་ཡོད་པ་སྟེ། དེ་དག་གིས་བཟང་སྤྱོད་ལྡན་པའི་མི་ཚེ་སྐྱེལ་སྟངས་སྨྲོས་པའི་ང་ཚོའི་བདེ་སྐྱིད ་ཀྱི་རྨང་གཞི་གང་ཡིན་པ་དེ་གོང་འཕེལ་གཏོང་གི་ཡོད། དེ་འདྲ་སོང་བ་ཡིན་ཙང། ཆོས་ལུགས་ཚང་མས་བསླབ་བྱ་གཅིག་མཚུངས་འཁྱེར་ཡོང་གི་ཡོད་པར་བརྟེན་དེ་དག་ཚང་མར ་འགྲོ་བ་མིའི་རིགས་ལ་ཕན་འདོགས་པའི་ནུས་པ་མཉམ་པར་ཡོད་པ་ཡིན། སྐབས་འདྲ་མིན་དང་གནས་འདྲ་མིན་དུ་ཆོས་བཤད་འདྲ་མིན་ཡོང་གི་ཡོད་པ་རེད། དེ་ནི་དགོས་ངེས་ཞིག་རེད། སྐབས་དང་གནས་འདྲ་མིན་དང་མི་ཚེ་སྐྱེལ་སྟངས་འདྲ་མིན་བྱུང་བ་ནི་ཁོར་ཡུག་གི་ཁྱ ད་པར་ལས་ཡིན་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་ཆོས་ལུགས་འདྲ་མིན་བྱུང་ཡོད་པ་རེད། དུས་སྐབས་དེ་རྣམས་རེ་རེར་ཆོས་ལུགས་འགའ་རེའི་ལྟ་བ་རྣམས་རན་ཞིང་འཚམ་པ་བྱུང་ཡ ོད་པ་དང་[དེ་དག་བདག་གིར་བཟུང་ཡོད་པ་རེད།] རྒྱུ་མཚན་དེའི་དབང་གིས་ལོ་སྟོང་ཕྲག་ཕྱིན་པའི་ཆོས་ལུགས་ཚང་མར་སོ་སོའི་སྲོལ་ རྒྱུན་ཡོད་པ་རེད། ང་ཚོར་དེ་འདྲ་བའི་སྲོལ་རྒྱུན་ཕྱུག་པོ་སྣ་ཚོགས་དགོས་ཏེ། དེ་དག་གིས་སྐྱེ་བོའི་རིགས་འདྲ་མིན་ལ་དགོས་མཁོ་སྒྲུབ་ཀྱི་ཡོད། ཆོས་ལུགས་གཅིག་གིས་མི་ཚང་མར་རན་ཞིང་འཚམ་པ་ཡོང་མི་ཐུབ། སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་དུས་སུ་རྒྱ་གར་ནང་དུ་ནང་པ་མ་ཡིན་མང་པོ་ཡོད་བཞ ིན་པ་རེད། བཅོམ་ལྡན་འདས་ཀྱིས་རྒྱ་གར་གྱི་མི་ཚང་མ་ནང་པར་བསྒྱུར་རྒྱུའི་འབད་རྩོལ་གནང་མ ེད། ཆོས་ལུགས་གཞན་རྣམས་དང་དཀའ་ངལ་མེད། སྐབས་སྐབས་སུ་ཁོང་ཚོའི་དབར་བགྲོ་གླེང་གྱི་རྩོད་པ་བྱས་ཡོད་པ་རེད། དམིགས་བསལ་གྱིས་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་སློབ་དཔོན་རྣམས་ཀྱིས་དུས་ རབས་མང་པོའི་རིང་ཕན་ཚུན་རྩོད་པ་བསྐྱོན་ཡོད། རྩོད་པ་དེ་དག་ཕན་ཐོགས་ཆེན་པོ་ཡོད་པ་སྟེ། དམིགས་བསལ་གྱིས་རིགས་ལམ་གྱི་གནས་ལ་ (epistemology) ཕན་ཐོགས་ཆེན་པོ་ཡོད། མཁས་པ་རྣམས་ཀྱིས་སོ་སོའི་ལུགས་བཟུང་ནས་གཞན་གྱི་ཆོས་ལུགས་ཀྱི་རིགས་པའི་གཞུང ་ལུགས་དང་ལྟ་བར་ཞིབ་བརྟག་སྐྱོན་འཛུགས་ (critically examine) བྱས་པར་བརྟེན་ཚང་མར་སོ་སོའི་ཆོས་ལུགས་དང་སོ་སོའི་ལུགས་དང་རྩོད་པའི་ཐོག་ལ་བ སམ་བློ་བཏང་དགོས་བྱུང་བ་རེད། དེར་བརྟེན། རང་བཞིན་གྱི་ཐོག་ནས་དེས་ཡར་རྒྱས་བྱུང་ཡོད། གནས་ཚུལ་ཁ་ཤས་ཀྱི་ནང་ཕལ་ཆེར་རྩོད་པ་དེ་དག་ཁྲོད་འཚེ་བ་ཕྲན་བུ་བྱུང་ཡོད་པ་དང ་། དེ་ནི་སྟབས་ཉེས་པ་ཞིག་ཡིན། འོན་ཀྱང་སྤྱི་ཡོངས་ནས་དེ་ནི་ལྷད་མེད་ཀྱི་ཡར་རྒྱས་ཤིག་ཡིན། ། དེས་ན། རྒྱ་གར་ནི་ཆོས་ལུགས་ཐད་བཟོད་བསྲན་ངོ་མ་བྱེད་མཁན་གྱི་དཔེ་མཚོན་ཡག་ཤོས་ཤིག་ས ྟེ། དེ་འདྲའི་ཆོས་ལུགས་བཟོད་བསྲན་དེ་དུས་རབས་མང་པོ་བརྒྱུད་ནས་སྲོལ་རྒྱུན་ཞིག་ཏ ུ་གནས་ཡོད་པ་དང། དེ་ད་དུང་ཡང་རྒྱ་གར་ནང་གསོན་པོར་གནས་ཡོད་པ་རེད། དེ་ནི་དེ་བྱིངས་ཀྱི་འཛམ་གླིང་རྒྱལ་ཁབ་རྣམས་ལ་མིག་དཔེ་བཟང་པོ་ཞིག་ཡིན། གདོད་མའི་དུས་སུ་མི་རྣམས་ཁེར་རྐྱང་དུ་གནས་ཀྱི་ཡོད་པས་སྐྱོན་མེད་པ་རེད། འོན་ཀྱང་ད་ལྟ་ང་ཚོ་གནས་སྟངས་མི་འདྲ་བ་ཞིག་གི་ནང་ཡོད། དབྱིན་ཡུལ་ལ་མཚོན་ན། ཆོས་ལུགས་འདྲ་མིན་གྱི་སྤྱི་ཚོགས་ལྟ་བུ་ཞིག་ཆགས་ཡོད་པས་ཆོས་ལུགས་དབར་གྱི་བཟ ོད་བསྲན་ནི་གལ་འགངས་ཆེན་པོ་ཆགས་ཡོད་པ་རེད། དེར་བརྟེན། ཁྱེད་རང་ཚོ་ཆོས་ལ་དད་པ་བྱེད་མཁན་ཚོ་ལ་འཆམ་མཐུན་དང་བཟོད་བསྲན་རྣམས་ནི་གལ་ཆེ ར་མངོན། ཁྱེད་རང་ཚོ་ལ་གོ་སྐབས་འཐོབ་པའི་སྐབས་སུ་གནས་འདིར་ལེགས་སྐྱེས་འབུལ་རོགས།། །། དཀར་ཆག་གཅིག་པའི་དྲ་ཤོག * ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད། * ཆོས་ལུགས་གཞན་གྱི་ཐད་ནང་པའི་ལྟ་ཚུལ། * དེང་གི་དུས་ཚོད་ནང་ཆོས་ལུགས་ཀྱི་སྐབས་དོན་འབྲེལ་བ། ང་ཚོའི་མཉམ་དུ་གཞན་ཕན་བྱེད་དུ་མཉམ་སྦྲེལ་གནང་རོགས། ང་ཚོའི་ལས་ཀར་རྒྱབ་སྐྱོར་གནང་རོགས། དྲ་ལྗོངས་འདི་ནི་ཆ་ཚང་ཞལ་འདེབས་ལ་བརྟེན་ནས་བསྡད་ཡོད། འདིའི་རྒྱུན་སྐྱོང་གི་ལས་གཞི་དང་གྲ་གྲིག་གི་རྒྱུ་ཆ་བརྒྱ་ཆ་ ༧ ལྷག་ཙམ་དང་ཕབ་སྒྱུར་གྱི་ལས་གཞིར་འགྲོ་གྲོན་ཆེན་པོ་ཡོད། ད་ལྟའི་ཆར་ང་ཚོར་དྭང་བླངས་ཞབས་ཞུ་བ་གྲངས་ ༨ སྐོར་ཞིག་དང་གལ་གནད་ཆེ་བའི་ཕོགས་ཡོད་ལས་བྱེད་མི་སྣ་ ༡༥ ཡོད། ང་ཚོའི་ལོ་རེའི་འགྲོ་གྲོན་ཡུ་རོ་ ༡༠༠༠༠༠ དང་ཨ་སྒོར་ ༡༥༠༠༠ ཡོང་ཐབས་ལ་སྐུ་ཉིད་ནས་རོགས་སྐྱོར་གནང་རོགས་ཞུ། ང་ཚོའི་དྲ་ལྗོངས་འདི་བཞིན་མུ་མཐུད་དེ་རིན་མེད་ཐོག་ལོངས་སུ་སྤྱོད་ཐུབ་སླད། ད་ང་ཚོའི་དམིགས་ཡུལ་རྙོབ་ཐུབ། (40%) ཤོག་ངོས་བརྗོད་བྱ། * བཟང་སྤྱོད་ལྡན་པའི་མི་ཚེ་གཞི་རྩར་བཞག་ནས་རང་དོན་གྱི་ཁ་གཏད་དུ་གཞན་དོན་ སྒྲུབ་པ། * འགྲོ་བ་མི་ཡིན་པའི་ཆ་ནས་ང་ཚོའི་གཞི་རྩའི་རང་བཞིན། * འཇིག་རྟེན་ཀུན་ཁྱབ་སེམས་འཁུར། * ཆོག་ཤེས་པ། * ཁོར་ཡུག་ལ་དོ་འཁུར། * གཞན་ལ་ཕན་འདོགས་ཚུལ། * འཚེ་བའི་ཁ་གཏད་དུ་འཚེ་མེད་ཞི་བའི་ཐབས་ལམ། * ཆོས་ལུགས་ནང་ཁུལ་དབར་འཆམ་མཐུན། དྲ་ལྗོངས་ཁ་ལོ་བ། དྲ་ལྗོངས་འཚོལ་ཞིབ། ཐ་སྙད་ཚོལ། __________ འཚོལ་ན། དྲ་ལྗོངས་ས་ཁྲ། དྲ་ལྗོངས་ཚན་པ། * ནང་ཆོས་ལ་འཇུག་པ། + དགེ་བའི་བཤེས་གཉེན། + ནང་ཆོས་ངོ་སྤྲོད། + དེང་དུས་ཀྱི་འཛམ་གླིང་ནང་ནང་ཆོས། + ནང་ཆོས་ཀྱི་དེང་དུས་གནས་འབབ། + ཆོས་ལུགས་ནང་ཁུལ་ཞི་མཐུན་གྲོས་མོལ། * ལོ་རྒྱུས་དང་། རིག་གཞུང་། ཞིབ་བསྡུར་བཅས་ཀྱི་ཉམས་ཞིབ། + ནང་ཆོས་དང་བོན་གྱི་ཆོས་འབྱུང་ལོ་རྒྱུས། + ནང་པའི་སྲོལ་རྒྱུན་གྱི་ཞིབ་བསྡུར་ཉམས་ཞིབ། + ནང་ཆོས་དང་ཁ་ཆེའི་ཆོས། * བོད་སོག་ནང་ཆོས་ཀྱི་རྨང་གཞི། + རིམ་པ། ༡། ལས་དང་པོ་བ། + རིམ་པ། ༢། ལམ་རིམ། + རིམ་པ། ༥། སེམས་དང་གནས་ལུགས་ལ་དཔྱོད་པ། སྐད་ཡིག་གཞན། * العربية * Deutsch * English * Español * فارسی * Français * हिन्दी * Indonesia * Italiano * 日本語 * Монгол хэл * پنجابی * Polski * Português * Русский * Türkçe * اُردو * Tiếng Việt * 简体中文 * 繁體中文 དྲ་ཤོག་གདམ་ག། * ཤོག་ངོས་དཀར་ཆག * པར་སྐྲུན་སྟབས་བདེ། * Kindleཡིག་གཟུགས། * ཡིག་གཟུགས་EPUB། དྲ་ལྗོངས་འདིའི་སྐོར། * རྩོམ་པ་པོ། + ཨེ་ལེག་ཛན་ཌར་ བྷར་ཛིན་ལགས་ཀྱི་ལོ་རྒྱུས་མདོར་བསྡུས། + ནང་ཆོས་ལ་ཞུགས་པ། * ང་ཚོའི་སྐོར། + ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་གསུང་འཕྲིན། + གླིང་རིན་པོ་ཆེའི་གསུང་འཕྲིན། + སེར་ཀོང་མཚན་ཞབས་རིན་པོ་ཆེའི་གསུང་འཕྲིན། + ཐུགས་རྗེ་ཆེ་ཞུ། + བྷར་ཛིན་བཤད་མཛོད་སྐོར། + བཀོལ་སྤྱོད་བདེ་པོ། + དྲ་ལྗོངས་འདི་ཕབ་ལེན་བྱེད། * བརྡ་ཆད་མཆན་འགྲེལ། * ཞལ་འདེབས། * གསར་འགྱུར། + རྒྱུ་ཆ་གསར་པ། ཁྱེད་རང་འདིར་ཡོད། དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > ནང་ཆོས་ངོ་སྤྲོད། > བཟང་སྤྱོད་ལྡན་པའི་མི་ཚེ་ཇི་ལྟར་སྐྱེལ་དགོས་སམ། ཉེ་འཆར་རང་དྲ་ཤོག་ཁ་གསབ་བགྱིས་པ།: Dec ༢༨, ༢༠༡༣ © ༢༠༠༣-༢༠༡༥ བྷར་ཛིན་བཤད་མཛོད།