#བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན། » མི་གྲངས་ས་ཡ་1.5ལྷག་གི་ཚེ་སྲོག་ཤོར་ཡོད། Comments Feed གཅིན་སྙི་ནད་པའི་ཟས་སྤྱོད་བསྟེན་ཚུལ། དགུན་དུས་དང་འཕྲོད་བསྟེན། བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན། RSS Feed * འཕྲུལ་དྲ། ངོ་དེབ། ཝེ་པའོ། འབྲེལ་གཏུགས། viagra boners བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན། * མདུན་ངོས། * ངེད་ཀྱི་སྐོར། * སྤྱི་ཚོགས་འཕྲོད་བསྟེན། * འབྲེལ་གཏུགས། * About Us * གསར་འགྱུར། * དྲ་བརྙན། * ནད་རིགས། + འགོས་ནད་མ་ཡིན་པ། + འགོས་ནད། + རིམས་ནད། * མ་བུའི་བདེ་ཐང་། * ཚན་རིག + དངོས་ཁམས་ཚན་རིག + དབང་རྩའི་ཚན་རིག + རྫས་འགྱུར་རིག་པ + སྐྱེ་དངོས་ཚན་རིག * འཕྲོད་བསྟེན། + ཟས་སྤྱོད། + རྒྱུན་ཤེས་དང་སྔོན་འགོག + སྔོན་འགོག * འཚོ་བའི་རྒྱུན་ཤེས། * ཡ་མཚན་དངོས་བྱུང་། མི་གྲངས་ས་ཡ་1.5ལྷག་གི་ཚེ་སྲོག་ཤོར་ཡོད། 2014/10/22 གསར་འགྱུར།, འགོས་ནད། མཆན་མེད། tuberculosis_bacteria འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་<<2014 ལོའི་རྒྱལ་སྤྱིའི་གློ་གཅོང་ནད་ཀྱི་སྙན་ཐོ་>>བཏོན་པ་ལྟར་ན། སྤྱི་ལོ་2013 ལོར་རྒྱལ་སྤྱིའི་ཁྱོན་དུ་གློ་གཅོང་ནད་གཞི་ཕོགས་པའི་མི་གྲངས་ས་ཡ་དགུ་བྱུང་ཡ ོད་པ་དང་། 2012 ལོ་དང་བསྡུར་ན་གློ་བའི་གཅོང་ནད་ཕོགས་པའི་ནད་པ་འབུམ་ལྔ་ཙམ་གྱིས་མང་དུ་སོང་ཡ ོད། ཡིན་ན་ཡང་། ཞིབ་འཇུག་སྙན་ཐོར་གསལ་བ་ལྟར་ན། གློ་བའི་གཅོང་ནད་ཀྱིས་འཆི་བའི་མི་འབོར་ལོ་རེ་བཞིན་ཇེ་ཉུང་གི་འགྲོ་བཞིན་ཡོད ་ཟེར། སྙན་ཐོ་དེར་གསལ་བ་ལྟར་ན། སྤྱི་ལོ་2012 ལོར་གློ་གཅོང་ནད་ཀྱིས་མི་གྲངས་ས་ཡ་གཅིག་ཚེག་གསུམ་གྱི་ཚེ་སྲོག་འཕྲོག་ཡོད་པ་ དང་། 2013 ལོར་མི་གྲངས་ས་ཡ་གཅིག་ཚེག་ལྔའི་ཚེ་སྲོག་འཕྲོག་ཡོད། དེའི་ཁྲོད་ཀྱི་མི་གྲངས་360000 ཙམ་ལ་གློ་གཅོང་དང་ཨེ་ཙི་ན་ཚ་གཉིས་ཀ་བྱུང་ཡོད། ད་ཆ་གློ་གཅོང་ནད་འབུ་ནི་ནད་ར ིགས་གཅིག་གིས་མིའི་ཚོ་སྲོག་འཕྲོག་མཁན་གྱི་གཤེད་མ་ཨང་གཉིས་པ་དེ་ཡིན་པར་ངོས་ འཛིན་བྱེད་ཀྱིན་ཡོད། tuberculosis_bacteria སྤྱི་ལོ་1990 ལོ་ནས་བཟུང་གློ་གཅོང་ནད་གཞི་ཕོག་ཚད་ལོ་རེ་ནས་བརྒྱ་ཆ་1.5% ཇེ་ཉུང་དུ་སོང་ཡོད་ཀྱང་། སྤྱི་ལོ་2013 ལོར་མི་གྲངས་ས་ཡ་གསུམ་ཙམ་ལ་གློ་གཅོང་ནད་གཞི་ཕོག་པ་མ་ཤེས་པར་ལྷག་ཡོད་པ་དང་། མི་མང་པོ་ཞིག་གིས་དུས་ལྟར་བརྟག་དཔྱད་དང་སྨན་བཅོས་མི་བྱེད་པ་དེ་ནི་ནད་གཞི་ དི་སྟངས་འཛིན་བྱེད་དཀའ་བའི་རྒྱུ་རྐྱེན་ནམ་དཀའ་ངལ་ཆེ་ཤོས་དེ་རེད་ཟེར། སྙན་ཐོ་དེར་དམིགས་སུ་བཀར་ནས་བརྗོད་པ་ལྟར་ན། སྤྱི་ལོ་2013 ལོའི་གློ་གཅོང་ནད་བྱུང་ས་ཕལ་ཆེ་བ་ནི་ཨེ་ཤ་ཡའི་ལྷོ་ཤར་རྒྱལ་ཁབ་ཁག་དང་། ཞི་བདེ་རྒྱ་མཚོའི་ནུབ་ཁུལ་ཡིན། དེའི་ནང་ནས་རྒྱ་གར་གྱིས་གློ་གཅོང་ནད་ཀྱི་དོན་རྐྱེན་སྤྱིའི་བརྒྱ་ཆ་24% ཟིན་ཡོད་ལ། ཀྲུང་གོས་གློ་གཅོང་ནད་ཀྱི་དོན་རྐྱེན་སྤྱིའི་བརྒྱ་ཆ་11% ཟིན་ཡོད། གློ་བའི་གཅོང་ནད་བསྐྱེད་པའི་ནད་འབུ་ཡིས་གཉན་འཇོམས་སྨན་ནུས་འགོག་བཞིན་ཡོད། རྒྱལ་སྤྱིའི་ཁྱོན་ནས་ལོ་རེའི་ནང་གློ་གཅོང་ནད་འབུ་ཡིས་གཉནའཇོམས་སྨན་ནུས་འགོ ག་པའི་དོན་རྐྱེན་བྱུང་ཚད་བརྒྱ་ཆ་ལྔ་ཙམ་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་ལ། སྤྱི་ལོ་2013 ལོར་ཡང་གློ་གཅོང་ནད་འབུས་གཉན་འཇོམས་སྨན་ནུས་འགོག་པའི་དོན་རྐྱེན་གསར་པ་བྱུང ་ཚད་བརྒྱ་ཆའི་3.5% བྱུང་ཡོད། དེ་ནི་གློ་གཅོང་ནད་པ་བརྒྱ་ཐམས་པའི་ནང་གི་ནད་པ་གསུམ་དང་ཕྱེད་ཀར་གཉན་འཇོམས་ས ྨན་གྱིས་ཕན་ཐོགས་ཀྱིན་མེད། གནད་ཚིག (བོད།) གློ་གཅོང་ནད། ཊི་བྷི། (དབྱིན།)Tuberculosis (TB) (རྒྱ)结核病(TB) གཉན་འཇོམས་སྨན་དང་། གཉན་འཇོམས་སྨན་ནུས་འགོག་ཚུལ་སྐོར་ལ་ཤེས་འདོད་ན་འདིར་སྣུན། བསམ་ཚུལ་སྤེལ། ལན་སློག་མཚམས་ཞོག གློག་འཕྲིན་ཁ་བྱང་མདུན་ངོས་སུ་མི་འཆར། དགོས་ངེས་ཅན་རིགས་ལ་རྟགས་ * འདི་བཀོད་ཡོད། མིང་། * ______________________________ གློག་འཕྲིན། * ______________________________ དྲ་གནས། ______________________________ བསམ་ཚུལ། _____________________________________________ _____________________________________________ _____________________________________________ _____________________________________________ _____________________________________________ _____________________________________________ _____________________________________________ _____________________________________________ You may use these HTML tags and attributes:
སྤེལ། * ངེད་དྲ་བའི་གློག་དེབ། (e-book) + 2004 ལོར་གཅིན་སྙི་ནད་ཀྱིས་རྒྱལ་སྤྱིའི་ཁྱོན་ནས་མི་གྲངས་ས་ཡ་གསུམ་དང་ཕ ྱེད་ཀ་ཙམ་བསད་ཡོད། དེ་དག་ལས་བརྒྱ་ཆ་བརྒྱད་ཅུ་ལྷག་འཕྲོད་བསྟེན་གྱི་མཐུན་རྐྱེན་དང་། གོ་རྟོགས་ཞན་པའི་ཡར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཏུ་བྱུང་ཡོ ད། གོ་རྟོགས་སྤེལ་རྒྱུ་ནི་ནད་རིགས་སྔོན་འགོག་གི་ཐབས་ལམ་ཡག་ཤོས་ཡིན། གལ་སྲིད་ཁྱེད་ཀྱིས་དེབ་ཆུང་འདིའི་པར་སྐྲུན་སྦྱིན་བདག་བྱེད་འདོད་ན ་ངེད་ལ་འབྲེལ་བ་གནང་དང་། ང་ཚོས་ཁྱོད་ལ་པར་སྐྲུན་བྱེད་ཆོག་པའི་སྤུས་ཚད་ཅན་གྱི་མ་ཡིག་བསྐུར་ ཡོང་། (contact us if you want a high quality version of this booklet) གློག་དེབ་ཕན་ལེན་བྱོས། » [Ad1.jpg] * མཆན་གསར། + [avatar.php?gravatar_id=e0c9561bb4ea4f62d0fb5a9595b20d71&s ize=32] ཨ་ར་དཀར་པོ།: དོ་དགོང་རང་དྲ་ཚིགས་འདི་འདྲ་ཞིག་ཡོད་པ་གཞི་ནས་མཐོང་བ » + [avatar.php?gravatar_id=48cbd8abe33497459411af133d7a358f&s ize=32] བློ་གྲོས།: བོད་ཡིག་དྲ་ཚིགས་ཚང་མའི་ནང་ནས་ལེགས་ཤོས་སུ་མཐོང་། ཁྱ » + [avatar.php?gravatar_id=6a75743d2951b629f42f3a34f9387be9&s ize=32] lobsangdhargey: i like to your » + [avatar.php?gravatar_id=c4330eb842286fef16d7e513f56ecf18&s ize=32] Lobsang tashi: Good idea and good source of sleeping disease » + [avatar.php?gravatar_id=42b6ed2dd9ee7ed38caa62b8f6731556&s ize=32] སྲོང་བཙན།: དགོས་ངེས་དག་རྒྱུན་མར་སྤེལ་རོགས་ཞུ། ཁྱེད་ཚོས་དྲ་ངོས » + [avatar.php?gravatar_id=5a6771770d6bddb56e3242230d2cbb40&s ize=32] Lama Pasang: མངགས་རྗོད་ཞུུ་ » + [avatar.php?gravatar_id=5a6771770d6bddb56e3242230d2cbb40&s ize=32] Lama Pasang: ཕན་ཚུན་འགྲིམ་འགྲུལ་པ་རྣམས་ཟབ་འཚལ་ལོ་་་་་ » + [avatar.php?gravatar_id=5a6771770d6bddb56e3242230d2cbb40&s ize=32] Lama Pasang: ལེ་སྨོན་གྱི་ཁེ་ཕན་འདི་ཡག་པོ་དང་གསལ་པོ་འདུག་དགའ་བསུ » + [avatar.php?gravatar_id=6cc6cedcba3a32774b21d538b60165fd&s ize=32] Thupten: ནད་འདི་ཞེད་སྣང་ཚ་བོ་འདུག འགོས་ལས་སླ་པོ་དེ་རེད་འདུ » + [avatar.php?gravatar_id=81c03783e68380e1aa06d8bf777b95b8&s ize=32] སྲས།: བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲྭ་ཚིགས་གཙོ་གཉེར་བ་ » + [avatar.php?gravatar_id=2187dcac2a2fd4b177e471f27e2b5bd7&s ize=32] ཡོན་ཏན།: འགྲོ་བ་མིའི་རིགས་ལ་བདེ་ཐང་གཞི་རྒྱ་ཆེན་པོ་ཞིག་བསྐྲུ » + [avatar.php?gravatar_id=a40bd902df3c257780f83c00584f1bcc&s ize=32] ཚེ་རིང་།: དྲ་ངོས་འདི་ཧ་ཅང་ཕན་ཐོགས་ཅན་ཞིག་ཡིན་པར་མཐོང་སོང་། » + [avatar.php?gravatar_id=0e4f406e0cd1fd9375afe9e9662c4676&s ize=32] གཞོན་ནུ་ཟླ་མེད།: དྲ་ལམ་ཡག་པོ་ཡ་མཚན་པོ་ཞིག་འདུག ཐུགས་རྗེ་ཆེ། དྲ་ལམ་འ » + [avatar.php?gravatar_id=42b6ed2dd9ee7ed38caa62b8f6731556&s ize=32] སྲོང་བཙན།: དྲ་ཚིགས་ཡག་པོ་འདི་འདྲ་ཡོད་པ་ད་རེས་མ་གཏོགས་མ་ཤེས། ད » + [avatar.php?gravatar_id=5e69683bb983602a6b19ddc52726e52e&s ize=32] རས་པ།: ཐུགས་རྗེ་ཆེ། ངས་ཀྱང་རང་གི་ཚོར་བ་ཞིག་ལ་བསྟུན་ནས་བོ » * རྩོམ་གསར། + དགུན་དུས་དང་འཕྲོད་བསྟེན། + མི་གྲངས་ས་ཡ་1.5ལྷག་གི་ཚེ་སྲོག་ཤོར་ཡོད། + གཅིན་སྙི་ནད་པའི་ཟས་སྤྱོད་བསྟེན་ཚུལ། + དགུན་ཁར་གཟབ་དགོས། + བོད་ཀྱི་ཞབས་འདྲེན། + ཨ་རིར་ཨི་བྷོ་ལཱ་ནད་འབུ་སླེབས་པ། + གཅིན་སྙིའི་ནད་ནི་ཅི་ཞིག་ཡིན་ནམ། + རྒྱ་གར་ནང་ཨཱི་བྷོ་ལཱ་ནང་འབུ་སླེབས་པའི་དངངས་འཚབ། + ང་ཚོ་ཕུང་ལ་སྦྱོར་མཁན། + འཛམ་གླིང་མཆིན་ནད་ཉིན་མོ། + འབུ་ཕྲ་རབ་(Virus) གསར་པ་ཞིག་རྙེད་སོན་བྱུང་། + ཀན་སུའུ་ཞིང་ཆེན་གཟབ་གཟབ་བྱོས། + གཏམ་བཟང་། བཅོས་ཐབས་གསར་པ། + ད་ནས་བཟུང་ཁྲིམས་འགལ་ཡིན་ཟེར། + ཨེ་ཙི་ནད་ཡམས་སྟངས་འཛིན་ཐུབ་པའི་རེ་བ་འདུག + རྒྱལ་ས་ལྡི་ལིའི་བདེ་སྦྱིན་མ། + ཁ་པར་སྟེང་ནས་ཁྱོད་ཀྱི་འབུ་ཕྲ་རྙེད། + བྷི་རེ་ཛལ་ནས་འཇིགས་སུ་རུང་བའི་ནད་འབུ་རྙེད་པ། + བྱ་ནད་ཀྱི་“ཉེན་ཁ་ཆེ་སའི་གནས་”ངོས་འཛིན་པ། + བྱ་ཤ་འཁྲུས་ན་ནད་འབུ་འགོས་ཁྱབ་འགྲོ + ཁ་པར་དང་ཁམས་དཀར། + གསང་མི་རུང་བའི་དོན་དངོས། + མཆིན་ནད་ཁ་པ། + མཆིན་ནད་ལ་དོགས་ཟོན་བྱོས། + ཕོ་བའི་ནད་དང་། ང་ཚོའི་ལོག་རྟོག + གཉིད་ཀྱི་ཁ་གཏད་དུ་མ་ལངས། + སྨན་གྱི་ནུས་པ་ཉམས་པ། + གཉན་འཇོམས་སྨན་དང་། འབུ་ཕྲ། (bacteria/菌) + གཉན་འཇོམས་སྨན་གྱིས་ལས་ཀ་ཇི་ལྟར་བྱེད་དམ། + ནད་ཡམས། གཡའ་དུག་ནད་འབུ། + ཁོག་སྟོང་དུ་ཆུ་འཐུང་བའི་ཕན་ཡོན། + རྟེན་འབྲེལ་ཕྲ་མོ། + ནད་ཡམས། (དྲུག་པ།) + ཁོར་ཡུག་གིས་གནང་བའི་ལེགས་སྐྱེས། + ཁྱེད་རང་2014 ལོའི་གྲངས་ཐོར་འགྱུར་འདོད་དམ། + ནད་ཡམས། (ལྔ་པ།) + ནད་ཡམས། (བཞི་པ།) + ནད་ཡམས། (གསུམ་པ།) + ནད་ཡམས། (གཉིས་པ།) + ནད་ཡམས། (དང་པོ།) * རྩོམ་པ་པོ། འདྲེ་རིག་ལྡན། དགེ་བ། སྨན་པ་ཤ་བོ་སྒྲོལ་མ། * + ཉེ་བའི་མཆན། + ཉེ་བའི་རྩོམ། + ཤོག་ངོས། + [avatar.php?gravatar_id=e0c9561bb4ea4f62d0fb5a9595b20d71&s ize=32] ཨ་ར་དཀར་པོ།: དོ་དགོང་རང་དྲ་ཚིགས་འདི་འདྲ་ཞིག་ཡོད་པ་གཞི་ནས་མཐོང་བ » + [avatar.php?gravatar_id=48cbd8abe33497459411af133d7a358f&s ize=32] བློ་གྲོས།: བོད་ཡིག་དྲ་ཚིགས་ཚང་མའི་ནང་ནས་ལེགས་ཤོས་སུ་མཐོང་། ཁྱ » + [avatar.php?gravatar_id=6a75743d2951b629f42f3a34f9387be9&s ize=32] lobsangdhargey: i like to your » + [avatar.php?gravatar_id=c4330eb842286fef16d7e513f56ecf18&s ize=32] Lobsang tashi: Good idea and good source of sleeping disease » + [avatar.php?gravatar_id=42b6ed2dd9ee7ed38caa62b8f6731556&s ize=32] སྲོང་བཙན།: དགོས་ངེས་དག་རྒྱུན་མར་སྤེལ་རོགས་ཞུ། ཁྱེད་ཚོས་དྲ་ངོས » + དགུན་དུས་དང་འཕྲོད་བསྟེན། 10:48 pm By འདྲེ་རིག་ལྡན། གནམ་གཤིས་ཇེ་འཁྱགས་ལ་སོང་བ་དང་། ཉི་མ་ཇེ་ཐུང་དུ་སོང་བ་གཉིས་ཀྱིས་ང་ཚོ་ཁང་པའི་ནང་དུ་སྡོད་དགོས་པ་བ ཟོ་བཞིན་ཡོད་པས། དགུན་ཁ་ཐོན་དུས་ང་ཚོར་འགུལ་སྐྱོད་ཉུང་བ་དང་། ཆུ་སོགས་འཐུང་རྒྱུའང་ཇེ་ཉུང་དུ་འགྲོ་གིན་ཡོད། དེ་བས་དགུན་དུས་སུ་ང་ཚོའི་ཉོབ་སྣང་དང་སུན་སྣང་སོགས་ཀྱང་རང་བཞིན་ག ྱིས་ཆེ་བ་ཡོད་ལ། དེས་ཉེར་ལེན་གྱིས་དགུན་ཁར་ང་ཚོར་ན་ཚའང་འདྲ་མིན་ཞིག་ཕོག་གི་ཡོད། དགུན་གྱི་དུས་ཚུགས་རང་བཞིན་གྱི་ནད་རིགས་མང་པོ་ཞིག་ནི་ཡམས་འགོག་མ་ ལག་གི་ནུས་སྟོབས་ཞན་པ་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། བྱིས་པ་དང་། ལོ་ལོན། ནད་གཞི་གཞན་ཡོད་མཁན་མང་པོ་ཞིག་རྐྱེན་ཆུང་ངུ་འདི་འདྲར་བརྟེན་ནས་འཆ ི་ལམ་དུ་འགྲོ་གི་ཡོད། དེས་ན་ནམ་ཟླ་དགུན་ཁ་སླེབས་དུས་ཁྱེད་ཀྱིས་ངེས་པར་དུ་ཤེས་དགོས་པའི་ གནད་དོན་འགའ་ཞིག་ངོ་སྤྲོད་བྱེད། འགུལ་སྐྱོད་མེད་པར་སྡོད་མི་རུང་། “སྨྲེང་ཚོར་གྱི་ལོ་ཐོ་”(The Emotional Calendar) རྩོམ་པ་པོ་སྟེ། ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པ་བ་རྗོན་ཤཱབ་(Dr . John Sharp)ལགས་ཀྱིས་ “འགུལ་སྐྱོད་བྱེད་རྒྱུ་འདི་ཁམས་དྭངས་པར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག ་རེད་” ཟེར། ལུས་ལ་འགུལ་སྐྱོད་འོས་འཚམས་ཤིག་ཐོབ་པར་བྱ་རྒྱུ་ནི་གལ་འགངས་ཆེན་པོ ་ཡིན། འགུལ་སྐྱོད་མེད་ན་སེམས་ཁམས་མི་བདེ་བ་དང་། སེམས་ཁམས་མ་དྭངས་པ་དང་། སེམས་ངལ་བྱུང་བ་བཅས་ཀྱིས་ང་ཚོའི་ལུས་ཀྱི་ཡམས་འགོག་མ་ལག་གི་ནུས་པ་ ཇེ་ཞན་དུ་གཏོང་གི་ཡོད། དུད་ཆང་དང་མ་འགྲོགས། Read More » + tuberculosis_bacteria མི་གྲངས་ས་ཡ་1.5ལྷག་གི་ཚེ་སྲོག་ཤོར་ཡོད། 7:12 pm By འདྲེ་རིག་ལྡན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་<<2014 ལོའི་རྒྱལ་སྤྱིའི་གློ་གཅོང་ནད་ཀྱི་སྙན་ཐོ་>>བཏོན་པ་ལྟར་ན། སྤྱི་ལོ་2013 ལོར་རྒྱལ་སྤྱིའི་ཁྱོན་དུ་གློ་གཅོང་ནད་གཞི་ཕོགས་པའི་མི་གྲངས་ས་ཡ་ད གུ་བྱུང་ཡོད་པ་དང་། 2012 ལོ་དང་བསྡུར་ན་གློ་བའི་གཅོང་ནད་ཕོགས་པའི་ནད་པ་འབུམ་ལྔ་ཙམ་གྱིས་མང ་དུ་སོང་ཡོད། ཡིན་ན་ཡང་། ཞིབ་འཇུག་སྙན་ཐོར་གསལ་བ་ལྟར་ན། གློ་བའི་གཅོང་ནད་ཀྱིས་འཆི་བའི་མི་འབོར་ལོ་རེ་བཞིན་ཇེ་ཉུང་གི་འགྲོ ་བཞིན་ཡོད་ཟེར། སྙན་ཐོ་དེར་གསལ་བ་ལྟར་ན། སྤྱི་ལོ་2012 ལོར་གློ་གཅོང་ནད་ཀྱིས་མི་གྲངས་ས་ཡ་གཅིག་ཚེག་གསུམ་གྱི་ཚེ་སྲོག་འཕྲ ོག་ཡོད་པ་དང་། 2013 ལོར་མི་གྲངས་ས་ཡ་གཅིག་ཚེག་ལྔའི་ཚེ་སྲོག་འཕྲོག་ཡོད། དེའི་ཁྲོད་ཀྱི་མི་གྲངས་360000 ཙམ་ལ་གློ་གཅོང་དང་ཨེ་ཙི་ན་ཚ་གཉིས་ཀ་བྱུང་ཡོད། ད་ཆ་གློ་གཅོང་ནད་འབ ུ་ནི་ནད་རིགས་གཅིག་གིས་མིའི་ཚོ་སྲོག་འཕྲོག་མཁན་གྱི་གཤེད་མ་ཨང་གཉི ས་པ་དེ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། སྤྱི་ལོ་1990 ལོ་ནས་བཟུང་གློ་གཅོང་ནད་གཞི་ཕོག་ཚད་ལོ་རེ་ནས་བརྒྱ་ཆ་1.5% ཇེ་ཉུང་དུ་སོང་ཡོད་ཀྱང་། སྤྱི་ལོ་2013 ལོར་མི་གྲངས་ས་ཡ་གསུམ་ཙམ་ལ་གློ་གཅོང་ནད་གཞི་ཕོག་པ་མ་ཤེས་པར་ལྷག་ཡ ོད་པ་དང་། མི་མང་པོ་ཞིག་གིས་དུས་ལྟར་བརྟག་དཔྱད་དང་སྨན་བཅོས་མི་བྱེད་པ་དེ་ནི ་ནད་གཞི་འདི་སྟངས་འཛིན་བྱེད་དཀའ་བའི་རྒྱུ་རྐྱེན་ནམ་དཀའ་ངལ་ཆེ་ཤོས ་དེ་རེད་ཟེར། སྙན་ཐོ་དེར་དམིགས་སུ་བཀར་ནས་བརྗོད་པ་ལྟར་ན། སྤྱི་ལོ་2013 ལོའི་གློ་གཅོང་ནད་བྱུང་ས་ཕལ་ཆེ་བ་ནི་ཨེ་ཤ་ཡའི་ལྷོ་ཤར་རྒྱལ་ཁབ་ཁག་ དང་། ཞི་བདེ་རྒྱ་མཚོའི་ནུབ་ཁུལ་ཡིན། Read More » + dia གཅིན་སྙི་ནད་པའི་ཟས་སྤྱོད་བསྟེན་ཚུལ། 7:53 pm By འདྲེ་རིག་ལྡན། མངར་ཆར་ཚོད་འཛིན་བྱེད་དགོས་ན། འཕྲོད་བསྟེན་ཟས་རིགས་ཨང་དང་པོར་འཇོག་དགོས། གཅིན་སྙི་ནད་པ་ཚོར་དམིགས་བསལ་གྱི་ཟ་མ་མི་དགོས། མི་ཚང་མར་ཕན་པའི་ཟ་མ་ཞིག་ཡིན་ན་དེས་གཅིན་སྙི་ནད་པ་ཚོར་ཡང་ཕན་གྱིན ་ཡོད། གཤམ་འདིར་འཁོད་པའི་གཅིན་སྙི་ནད་པའི་ཟས་བཅུད་བསྟེན་ཚུལ་ནི་ཨ་རིའི་ གཅིན་སྙིའི་མཐུན་ཚོགས་ཀྱིས་སྤྱི་ལོ་2013 ལོར་འདོན་སྤེལ་བྱས་པའི་ཟས་བཅུད་ལམ་སྟོན་དེབ་ཆུང་གཞིར་བཞག་ནས་བྲིས ་པ་ཡིན་ལ། བོད་ཁུལ་ཏུ་རྙེད་སླ་བའི་ཟས་རིགས་རྣམས་དམིགས་སུ་བསལ་ནས་འདིར་བཏུས་ སྒྱུར་བྱས་ཡོད། གོང་དུ་ཞུས་ཟིན་པ་ལྟར། ང་ཚོའི་བཟའ་བཅའི་ནང་དུ་འདུས་བཅུད་(carbohydrate/碳水化合物) དང་། སྤྲི་རྫས (proteins/蛋白质)། ཚིལ་ཞགས་(fats /脂肪) བཅས་ཡོད་ལ། དེ་དག་གིས་ང་ཚོའི་ལུས་པོར་ནུས་ཤུགས་མཁོ་འདོན་བྱེད་ཀྱིན་ཡོད། ཟས་བཅུད་རིག་པ་བ་ཚོས་བཟའ་བཅའི་ནུས་ཤུགས་བཤད་དུས་དྲོད་བཅུད་(calor ies/ 卡路里)ཟེར་བའི་ཐ་སྙད་ཅིག་བཀོལ་བཞིན་ཡོད། དེ་ནི་ཟ་མ་བཟས་ནས་ཞུས་རྗེས་ནུས་བཅུད་ཀྱི་ངོ་བོར་འགྱུར་བའི་ཚད་ལ་ག ོ་བ་ཡིན། ཟ་མ་སྤྱི་དང་། དམིགས་བསལ་གྱིས་འདུས་བཅུད་བཟས་ཚར་དུས་མངར་ཆ་(glucose /血糖)རུ་འགྱུར་བ་ཡིན་ལ། མངར་ཆ་ནི་ང་ཚོའི་ལུས་ཀྱི་ཕྲ་ཕུང་(cell /细胞)རྣམས་ཀྱི་ནུས་པའི་འབྱུང་ཁུངས་ཡིན། ནུས་པ་འདི་ཉིད་བེད་སྤྱོད་བྱེད་པ་ལ་ང་ཚོའི་ལུས་པོར་གཤེར་རྨེན་སྐུལ ་རྫས་(Insulin/胰岛素)ཡོད་དགོས། སྐུལ་རྫས་འདི་ཉིད་ཐོན་བསྐྱེད་བྱེད་མཁན་ང་ཚོའི་གཤེར་རྨེན་ Read More » + དགུན་ཁར་གཟབ་དགོས། 10:56 pm By འདྲེ་རིག་ལྡན། དབུགས་འཚང་ནད་(Asthma/哮喘)དང་། མིད་པའི་རྨ། ཆམས་ནད་སོགས་ནི་གྲང་ངར་གྱིས་བསྐྱེད་པའམ་ཇེ་མཐུ་རུ་གཏོང་བཞིན་ཡོད། གཤམ་འདིར་གནམ་ཟླ་ཇེ་འཁྱགས་སུ་འགྲོ་བའི་སྐབས་སུ་ཁྱོད་ཀྱིས་རང་ཉིད་ ལ་སྲུང་སྐྱོབ་བྱེད་ཐབས་འགའ་ངོ་སྤྲོད་བྱས་ཡོད་པས། དེ་ལུགས་ཁྱོད་ཀྱི་ཉེ་འཁོར་ན་ཡོད་པའི་རྒན་རབས་པ་ཚོར་ཡང་གསལ་བཤད་དང ་། ཁོང་ཚོར་དགོས་ངེས་ཀྱི་མཐུན་སྦྱོར་གཞན་གནང་རོགས། བོད་ཁུལ་ཏུ་ལོ་ལོན་མང་ཤས་ཤིག་དགུན་ཁར་འཆི་བཞིན་པའི་རྒྱུ་མཚན་ཡང་། ཁོང་ཚོར་དགོས་ངེས་ཀྱི་སྲུང་སྐྱོབ་མ་ཐོབ་པ་ལ་བརྟེན་ནས་བྱུང་བ་ཡིན། ཆམས་ནད། ལག་པ་ཡང་ཡང་འཁྲུས་ན་ཆམས་ནད་འགོག་ཐུབ། ཆམས་ནད་ནི་འབུ་ཕྲས་བསྐྱེད་པའི་དུས་ཚིགས་རང་བཞིན་གྱི་ནད་ཡམས་ཤིག་ཡ ིན། ནད་འབུ་ཕྲ་མོ་དེ་དག་ང་ཚོའི་ཁོར་ཡུག་དང་། ལུས་པོའི་ཕྱི་ནང་ཀུན་ཏུ་གསོན་པོར་སྡོད་ཐུབ་པ་མ་ཟད། ཁོག་པར་ཞུགས་དུས་ང་ཚོར་ནད་རིམས་བསྐྱེད་ཀྱིན་ཡོད། དུས་རྒྱུན་ང་ཚོས་ལག་པ་གང་སར་རེག་གིན་ཡོད། དཔེར་ན། སྒོའི་ལྕགས་ལུང་། གློག་གི་མཐུད་སྒོ(switch/开关)སོགས། གནས་དེ་དག་ནི་ནད་འབུ་འགོ་ས་གཙོ་བོ་ཞིག་ཡིན། དེ་བས། དུས་རྒྱུན་ལས་ཀ་གང་ཞིག་བྱས་རུང་། ཅ་དངོས་གང་ལ་ལག་པ་འཆང་རུང་། ལག་པ་འཁྲུ་རྒྱུ་གལ་ཆེན་པོ་ཡིན། འདག་རྫས་བྱུགས་ནས་ལག་པ་ལེགས་པོར་འཕུར་ན་དེས་ཁྱོད་ཀྱི་ལག་པར་འགོས་ ཡོད་སྲིད་པའི་འབུ་ཕྲ་རྣམས་སེལ་ཐུབ། གྲུམ་བུའི་ནད། གྲུམ་བུ་(arthritis/关节炎)ནད་པ་མང་པོས་དགུན་ཁ་སླེབས་དུས་ཁོང་ཚོའི་ཚ ིགས་ལག་ལ་ན་ཟུག་བཟོད་བླག་མེད་པ་སྐྱེས་ཀྱིན་འདུག་ཟེར། Read More » + FullSizeRender-1 བོད་ཀྱི་ཞབས་འདྲེན། 11:27 pm By འདྲེ་རིག་ལྡན། “རྒྱལ་ཁབ་ཅིག་ཡར་རྒྱས་སུ་འགྲོ་དང་མི་འགྲོ་ཡི་ཚད་གཞལ་སྤྱད་གཅིག་ནི ། ཁོང་ཚོས་རང་གི་སྐྱེས་མ་ཚོར་ལྟ་སྟངས་ལ་གང་འདྲ་ཡོད་མེད་དེ་ཡིན། གལ་སྲིད་ཁྱོད་ཀྱིས་སྐད་ཆ་འདིར་བསམ་བློ་ཕྲན་ཙམ་བཏང་ན་འདིའི་གོ་བ་ལ ེན་ཐུབ། ཅིའི་ཕྱིར་ཞེ་ན་ཁྱོད་ཀྱི་མི་འབོར་སྤྱིའི་ཕྱེད་ཀ་སྐྱེས་མས་གྲུབ་ཡོ ད།” སྲིད་འཛིན་ཨཱོ་བྷ་མཱ། (2014-07-28 ཝ་ཤིན་ཊོན།) “སྐྱེས་པས་བསྒྲུབས་པའི་གདུག་རྩུབ་ཀྱི་བྱ་སྤྱོད་ཐམས་ཅད་ལས་ཀྱང་ཆེས ་གདུག་རྩུབ་དང་། ཞེ་སྐྱོ་བ། སྙིགས་མའི་བྱ་སྤྱོད་སྲིད་ན་མེད་པ་ཞིག་ནི། འགྲོ་བ་མི་རང་ཉིད་ཀྱི་ཕྱེད་ཀར་གྱུར་བའི་སྐྱེས་མར་གཉའ་གནོན་ཐུབ་ཚོ ད་བྱེད་པའི་སྡིག་ལས་འདི་ཡིན།” སེམས་དཔའ་ཆེན་པོ་གྷན་ཌིས། “སྐྱེས་མའི་ཐོབ་ཐང་དེ་འགྲོ་བ་མིའི་ཐོབ་ཐང་ལས་ལོགས་སུ་བགར་ནས་གླེང ་བ་ནི་ཁས་ལེན་བྱེད་ཐབས་མེད་པ་ཞིག་རེད་ཅེས། དེ་རིང་པེ་ཅིང་ནས་འཛམ་གླིང་ཁྱོན་ལ་གོ་བར་བྱེད་རྒྱུ་འདི་དུས་ལ་བབ་ པའི་ང་ཚོའི་འོས་འགན་ཡིན། ” ཧཱེ་ལི་རིས་ཁི་ལིན་ཊོན། (1995-09-06 པེ་ཅིང་།) “འཛམ་གླིང་ཁྱོན་གྱི་སྐྱེས་པ་ཚོས་རང་རང་གི་སྙིང་དང་སེམས་ལ་བལྟས་ནས ། ཁོང་ཚོས་དོན་དངོས་ཐོག་སྐྱེས་མ་ཚོར་རང་དང་འདྲ་མཉམ་གྱི་འདུ་ཤེས་འཛི ན་གྱིན་ཡོད་མེད་འདྲི་བར་རིགས།” མཱིས་ཤཱལ་ཨཱོ་བྷ་མཱ། (2014-07-30 ཝ་ཤིན་ཊོན།) “རྒྱལ་ཁབ་ཅིག་ཡར་རྒྱས་སུ་འགྲོ་དང་མི་འགྲོ་ཡི་ཚད་གཞལ་སྤྱད་གཅིག་ནི ། ཁོང་ཚོས་རང་གི་སྐྱེས་མ་ཚོར་ལྟ་སྟངས་གང་འདྲ་ཡོད་མེད་དེ་ཡིན། གལ་སྲིད་ཁྱོད་ཀྱིས་སྐད་ཆ་འདིར་བསམ་བློ་ཕྲན་ཙམ་བཏང་ན་འདིའི་གོ་བ་ལ ེན་ཐུབ། Read More » + About Us + ངེད་ཀྱི་སྐོར། + འབྲེལ་གཏུགས། + སྤྱི་ཚོགས་འཕྲོད་བསྟེན། * ངེད་དྲ་བའི་སྐད་འཕྲིན་ཚོགས་པ། གནས་སྐབས་རིང་སྐད་འཕྲིན་ཚོགས་པ་མེད། * འཚོལ་བཤེར། ____________________ * ཉར་ཚགས། [Select Month..] * རྣམ་དབྱེ།[Select Category.......................................... ..................] * དོ་དམ་པ། + Log in © 2015 བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན། ཇུས་འགོད་པ་ འདྲེ་རིག་ལྡན། | | Thanks to najlepszeporady.Blogspot.com/, noworodek and wordpressthemesgallery.com web analytics