འཚོལ་བཤེར། _______________ [seacher.gif]-Submit [USEMAP:zi.gif] 藏文频道 2014ལོའི་ཟླ་10ཚེས་27ཉིན། * * * * * [F2014102114194180667300772.jpg] འཕྲིན་གསར་གཡུ་ཡི་མེ་ལོང་། སྲིད་དོན། རྒྱལ་ནང་གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། སྤྱི་ཚོགས། པར་རིས་གསར་འགྱུར། བརྙན་གཟིགས། རིག་གནས། ཆོས་ལུགས། མི་དམངས་དྲ་བ། ༄༅།།བོད་མི་རིགས་ཀྱིས་སྲོག་ཆགས་ཚེ་ཐར་དུ་གཏོང་བའི་སྐོར། གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 10:12】 (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།) བོད་ཀྱི་དམངས་སྲོལ་རིག་གནས་ལས་ཚེ་ཐར་གཏོང་བའི་ཆོ་ག་འདི་ནི་སྲོལ་བཟང་བོ ་ཞིག་དང་། སྲོག་ཆགས་དང་རང་བྱུང་ཁམས་ཆེན་པོར་བཅངས་པའི་ཡ་རབས་ཀྱི་འདུ་ཤེས་འཛ ིན་སྟངས་ཤིག་ཡིན། སྤྱིར་ཚེ་ཐར་ཞེས་པ་ནི་ཚེ་ལ་ཐར་བ་གཏོང་བ་དང་ཚེ་ཡི་རྒྱུན་ས ྲིང་བའི་ཆོ་ག་ཞིག་ཡིན་ལ། དེ་ནི་སྒོ་ཕྱུགས་ཚེ་ཐར་གཏོང་བ་ལས་གཞན། ད་དུང་དམངས ་ཁྲོད་དུ་འགའ་ཞིག་གིས་ལྗོན་ཤིང་ནགས་ཚལ་དང་རི་ཆུ་གཏེར་རྫས་སོགས་རང་བྱུང་གི་ བཀོད་པར་གནོད་སྐྱོན་ཐེབས་པར་མི་འཇུག་པར། ཡུལ་གྱི་མཛེས་སྡུག་རང་སོར་འཇོག་པ་ དང་སྲུང་བའི་ལས་སོགས་ལའང་ཚེ་ཐར་དུ་བཏང་ཞེས་བརྗོད་མཁན་ཡོད་ཀྱང་། འདིར་སྒོ་ཕ ྱུགས་ཚེ་ཐར་གཏོང་ཚུལ་རགས་ཙམ་བརྗོད་ན། བོད་ཀྱིས་སྒོ་ཕྱུགས་ཚེ་ཐར་དུ་གཏོང་བ ི་དགེ་བ་ནི། གཅིག་ནི་ཕྱུགས་ཀྱི་ཚེ་སྲོག་ལ་འཇིགས་པ་དང་འཚེ་བ་མེད་པར་རང་ཉིད་ ཀྱི་འཚོ་བ་ལོངས་སུ་སྤྱོད་པར་རང་དབང་ལྡན་ཆེད་སྲོག་གཅོད་པར་མི་བྱེད་པ་དང་། ག ཉིས་སུ་བོད་མི་རང་ཉིད་ལ་མཚོན་ན་སྒོ་ཕྱུགས་ཚེ་ཐར་བཏང་བ་ལས་མི་འདོད་པའི་རྐྱེ ན་ངན་བཟློག་པ་དང་འཚོ་བ་ཕུན་སུམ་ཚོགས་པ་དང་ཁྱིམ་ཚང་གི་ཕྱི་དོན་ལམ་འགྲོ་ཡོང་ བ། ཁ་ལས་རླུང་རྟ་དར་ཞིང་འདོད་དོན་ལྟུན་འགྲུབ་ཡོང་བའི་ཆེད་དུ་ཡིན། དེ་བས་ཚེ ་ཐར་གཏོང་བ་ནི་མི་ཕྱུགས་གཉིས་ཀར་དགེ་བའི་བྱ་གཞག་ལེགས་པོ་ཞིག་ཏུ་སེམས་བཞིན་ ཡོད། བོད་ཀྱིས་ཚེ་ཐར་གཏོང་བྱའི་སྒོ་ཕྱུགས་ནི་གཙོ་བོ་རྟ་ནོར་ར་ལུག་ཡིན་ལ།ཚེ ་ཐར་བཏང་ཟིན་པའི་རྟ་ལ་མི་བཞོན་པ་དང་གཞན་ལ་མི་བཙོང་བ། ཚེ་ཐར་བཏང་ཟིན་པའི་ནོ ར་ལ་དོས་མི་འགེལ་བ་དང་མི་བཤའ་བ། མི་བཙོང་བ། རྩིད་པ་མི་འབྲེག་པ། ཚེ་ཐར་བཏང་ ཟིན་པའི་ར་ལུག་ཡིན་ནའང་མི་བཙོང་བ་དང་།མི་བཤའ་བ་བཅས་ཀྱི་ཐུན་མིན་གྱི་སྲོལ་ཞ ིག་མཆིས། གལ་ཏེ་ཚེ་ཐར་བཏང་ཟིན་པའི་སྒོ་ཕྱུགས་ཤིག་ཡིན་ན་རང་ཉིད་ཀྱིས་རྩྭ་ཆུ ་བཟང་བོ་བདམས་ནས་རྩྭ་ཆུ་ལ་རང་གཞན་གྱི་དབྱེ་བ་མེད་པར་ལོངས་སུ་སྤྱད་ཆོག་པ་ཡི ན་ཞིང་དེ་ལ་མི་འདོད་པའི་འཚེ་བ་བྱེད་མཁན་ཡང་མེད་པ་ཡིན། སྔོན་ལྟར་ན། བོད་མིས་ཚེ་ཐར་གཏོང་བའི་ཆོ་ག་སྤེལ་ཚུལ་ལ། ཁྱིམ་མི་དང་གཉེ ན་ཉེ་སུ་ཞིག་གི་ཚེ་ལ་བར་ཆད་འབྱུང་ཉེན་ཆེ་བའི་ན་ཚ་སོགས་བྱུང་ཚེ། རྟ་ནོར་ར་ལ ུག་གང་རུང་ཞིག་རང་གི་བླ་མཆོད་ཀྱི་དྲུང་དུ་ཁྲིད་དེ་ཚེ་ཐར་གནང་རོགས་ཞེས་ཞུ་ད གོས་ཤིང་། བླ་མཆོད་དེས་མགོན་པོ་ཚེ་དཔག་མེད་ཀྱི་མཚན་གཟུངས་དུད་འགྲོ་དེའི་རྣ ་བར་བསྒྲགས་ཤིང་དུས་དེ་ནས་བཟུང་སེམས་ཅན་དེ་སྲོག་འཕྲོག་པའི་འཇིགས་པ་ལས་གྲོལ ་བ་ཡིན་པ་དང་། དེའི་བདེན་མཐུ་ལ་བརྟེན་ནས་སྦྱིན་པའི་བདག་པོའི་ཚེ་གེགས་ཀྱི་བ ར་ཆད་ཞི་ཞིང་། ཚེ་བསོད་རྒྱས་པ་དང་། སྦྱིན་བདག་དང་དུད་འགྲོ་བཅས་མཐར་ཐུག་མངོ ན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཐོབ་པའི་སྨོན་ལམ་དང་ཤིས་བརྗོད་མང་དུ་མཛད་པ ི་མཐར། ཚེ་སྐུད་ཅེས་པ་རས་སྣའམ་བལ་སྐུད་གང་རུང་ཚོན་དམར་ཅན་གྱི་རྣ་ཚར་ཞིག་གན ང་བ་དང་། སྦྱིན་བདག་དེས་རྣ་ཚར་དེ་དག་ཚེ་ཐར་གྱི་རྣ་བ་གཡས་གཡོན་དུ་འདོགས་པའི ་སྲོལ་ཡོད། དེང་སྐབས་གནའ་བོའི་ཚེ་ཐར་གཏོང་བའི་ཆོ་ག་སྤེལ་སྤེལ་ཚུལ་དང་ཅུང་ཟ ད་མི་འདྲ་སྟེ། དེའང་སྦྱིན་བདག་གམ་ཁྱིམ་ཚང་གིས་ཉིན་བཟང་སྐར་བཟང་ཞིག་ལ་ལྷ་ལ་ མཆོད་བཤམས་དང་གཞི་བདག་འཁོར་སྲུང་ལ་བསང་གཏོང་སོགས་ཀྱི་སྒྲུབ་མཆོད་སྣ་ཚོགས་བ ྱས་ཏེ། ཁྱིམ་མིའི་ན་ཚ་བཟློག་པ་དང་། ལྷག་པར་དུ་ཁྱིམ་མི་རེ་རེ་ཚེ་རིང་བོ་ཡོང ་བ་དང་། ཚེ་གེགས་ཀྱི་བར་ཆད་ཞི་བ། ཚེ་བསོད་རྒྱས་པ། འདོད་དོན་འགྲུབ་པ་བཅས་ལ་ དམིགས་ནས་ཁྱིམ་ཚང་གིས་ཚེ་ཐར་གཏོང་བ་ཡིན་ལ། ཚེ་ཐར་གཏོང་དུས་སྒོ་ཕྱུགས་དེའི་ སོག་པ་དང་། ཐོད་པ། ར་མགོ་བཅས་སུ་མར་རྒྱན་འབྱུག་པར་བྱེད་ཅིང་། རས་སྣའམ་བལ་ས ྐུད་གང་རུང་སྟེ་ཚོན་དམར་ཅན་གྱི་ཚེ་སྐུད་དུད་འགྲོ་དེའི་རྣ་རྩེ་དང་སོག་པར་འད ོགས་པ། ད་དུང་དུད་འགྲོ་དེའི་རྔ་རྩེ་ནས་མགོ་བར་འོ་ཆུ་འདྲེས་མའི་ཆུ་གཙང་མ་ཞི ག་བླུགས་ཏེ་འཁྲུད་པའི་སྲོལ་བྱེད་ཅིང་། སླར་ཡང་མགོ་ནས་རྔ་རྩེ་བར་ཆུ་གཙང་མ་ཞ ིག་བླུགས་ཏེ་བཤལ་བ་ཡིན། དེས་མི་གཙང་བ་དང་བཙོག་གྲིབ་སེལ་བ་མཚོན་པ་རེད། མར་ར ྒྱན་འབྱུག་པ་དང་ཚེ་སྐུད་འདོགས་པ་སོགས་ཀྱི་ཞོར་དུ་ཁ་ནས་དེ་རིང་ནས་བཟུང་ཁྱེད ་རང་ཚེ་ཐར་དུ་བཏང་བ་ཡིན་པས་བཤས་ནས་ཤ་མི་བཟའ། བཙོངས་ནས་རིན་མི་ལེན། བཀོལ་ནས ་དོས་མི་འགེལ། བལ་རྩིད་མི་འབྲེག བཀྲ་ཤིས་པ་ཤོག ཚེ་རིང་བར་སྨོན་ཞེས་པ་སོགས་ ཀྱི་སྨོན་ལམ་དང་ཤིས་བརྗོད་མང་དུ་བྱས་མཐར་ཚེ་ཐར་དུ་གཏོང་བ་ཡིན་ལ།གལ་ཏེ་ཚེ་ཐ ར་གང་ཞིག་ལོ་ན་བགྲེས་ཏེ་ཤི་བའམ་ནད་བྱུང་སྟེ་ཤི་བ་སོགས་ཡིན་ན། སླར་ཡང་གཞན་ཞ ིག་ཚེ་ཐར་གཏོང་བའི་སྲོལ་ཡོད། ད་དུང་ཚེ་གཡོག་ཅེས་ཚེ་ཐར་གྱི་རིགས་རྣམས་ལ་དམི གས་བསལ་གྱིས་རྒན་གཡོག་དང་སྲུང་སྐྱོང་བྱེད་པའི་སྲོལ་ཡང་མཆིས། ༼མཚོ་སྔོན་པོ་ དྲ་བ་ལས།༽ [web_26.gif] [web_28.gif] [F2014102215461135567300892.jpg] [F2014102109242931067300719.jpg] [F2014102109241236967300718.jpg] [F2014102014384048867300691.jpg] [F2014102014381585267300690.jpg] [F2014102014020997267300680.jpg] [F2014102013490577267300673.jpg] [F2014102009325902667300626.jpg] [F2014102008594464367300618.jpg] ཕྱོགས་བསྡུས་གསར་འགྱུར། * ༄༅།།ནཱ་ལེནྡྲ། * ༄༅།།བོད་མི་རིགས་ཀྱིས་སྲོག་ཆགས་ཚེ་ཐར་དུ་གཏོང་བའི་སྐོར། * ༄༅།།སྟོན་པ་གཤེན་རབ་དང་ཤཱཀྱ་ཐུབ་པའི་བསྟན་པའི་ཁྱད་པར། * ༄༅།།བྱམས་པ་ཕུན་ཚོགས་ཙམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་50 འཁ… * ༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐ ེང… * ༄༅།།བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ཚོགས་འདུའི་ཐོག་ཏང་གི་སྐ བས… * ༄༅།།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེད་ཁྲིམས་སྐྱོང་གི་འགན་ལེ ན་… * ༄༅།།ཏེང་ཞའོ་ཀང་གིས་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་གྲོས ་ཚ… * ༄༅།།༼ཁྲི་གདུགས་ཉི་མའི་བུ་མོ་༽ཞེས་པ་ནང་སྦྱོང་བྱེད་པའི་དུས་མཚམས་སུ་སླ ེབ… * ༄༅།།ཞིས་ཅིན་ཕིང་དང་ཕུའུ་ཅིང་གིས་2014ལོའི་ཕུའུ་ཅང་གསར་གཏོད་གླེང་སྟེག ས་… * ༄༅།།ཞིས་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་གིས་ཨ་ཧྥེ་རི་ཁ་གླིང་ནུབ་མའི ་ར… [F2014082211255891567300398.jpg] [e.gif?id=15458941;0]