#བོད་ཀྱི་བང་ཆེན་དྲ་བ། » Feed བོད་ཀྱི་བང་ཆེན་དྲ་བ། » Comments Feed བོད་ཀྱི་བང་ཆེན་དྲ་བ། » སློབ་མའི་མི་ཚེ་ཆུད་ཟོས་སུ་གཏོང་བཞིན་འདུག Comments Feed བོད་ཀྱི་བང་ཆེན་དྲ་བ། [bo.gif] [en.gif] [zh.gif] ནང་འཛུལ། ཐོ་འགོད། Menu Skip to content * མདུན་ངོས། * གསར་འགྱུར། + བཙན་བྱོལ། + བོད། + རྒྱལ་སྤྱི། + ཡ་མཚན་དངོས་བྱུང་། + རྩེད་རིག * ང་ཚོའི་སྐོར། + ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང༌། + ཐུགས་རྗེ་ཆེ། * བསམ་ཚུལ། + ཆེད་བརྗོད། + བཅར་འདྲི། + རྩོམ་ཡིག + འཕྲིན་ཡིག + མི་རབས་གསར་པའི་གླེང་སྟེཌ། * སློབ་གསོ། + བོད་ཀྱི་ལོ་རྒྱུས། + འཛམ་གླིང་ལོ་རྒྱུས། + ནང་ཆོས་ངོ་སྤྲོད། + བོད་ཀྱི་སྐད་ཡིག + འཕྲོད་བསྟན་ཤེས་བྱ། + ལེགས་བཤད་གཅེས་བཏུས། * ཟིན་བྲིས། * པར་མཛོད། * གསལ་བསྒྲགས། * འབྲེལ་གཏུགས། སློབ་མའི་མི་ཚེ་ཆུད་ཟོས་སུ་གཏོང་བཞིན་འདུག བོད་ཀྱི་བང་ཆེན་ ༢༠༡༤ ཟླ་བ་ ༧ ཚེས ༢༨ དུས་ཚོད ༡༢:༢༦ ཕྱི་དྲོ། ཁམས་ཆབ་མདོ་ས་ཁུལ། སྟེང་ཆེན་རྫོང་། སྟེང་ཆེན་བྱོ་སྔོན་ཡུལ་ཚོ་རུ་རྒྱ་གཞུང་གིས་བཙུགས་པའི་ས་གནས་ཡུལ་ཚོའི་སློབ་ གྲྭའི་ནང་རྒྱ་གཞུང་གིས་ཤེས་ཡོན་མེད་པའི་དགེ་རྒན་ཤ་སྟག་བསྐོ་བཞག་བྱས་ཡོད་པ་ དང་། དགེ་རྒན་རྣམས་ཀྱིས་ཉིན་ལྟར་སློབ་ཁྲིད་མི་བྱེད་པར་རྒྱན་རྩེད་དང་འཁྱམ་ཉུལ་སོ གས་ལ་གཡེངས་ཏེ་སློབ་ཕྲུག་གི་མི་ཚེ་ཆུད་ཟོས་སུ་གཏོང་བཞིན་ཡོད་སྐོར་ས་གནས་དེ ་གའི་ཡུལ་མི་མིང་བརྗོད་འདོད་མེད་པ་ཞིག་གིས་འགྲེལ་བརྗོད་གནང་སོང་། ཟླ་འདིའི་ཚེས་༢༧ ཉིན་ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། གནས་ཚུལ་དེ་ནི་རྒྱ་གཞུང་ཕྱོགས་ནས་དེ་སྔོན་སློབ་གྲྭའི་ནང་སློབ་སྦྱོང་མི་བྱེ ད་མཁན་དང་སྤྱོད་པ་ངན་རིགས་ཚང་མ་ལམ་བཟོ་བ་དང་། ས་གནས་ཞིང་འབྲོག་ས་ཁུལ་དག་ཏུ་དགེ་རྒན་ལ་བསྐོ་བཞག་བྱེད་ཀྱི་ཡོད་པའི་རྐྱེན་ག ྱིས་ཡིན་འདུག ཁོ་ཚོ་མང་ཆེ་བ་ནི་གོང་རིམ་གྱི་ངོ་ཤེས་དང་སྟེགས་སྒོ་བརྒྱུད་ནས་བསྐོ་བཞག་བྱས ་པ་ཤ་རྟགས་ཡིན་པ་མ་ཟད། ད་དུང་སློབ་གྲྭའི་འཛིན་སྐྱོང་ཀྱང་ཧ་ཅང་ཐབས་སྐྱོ་བོ་ཡིན་འདུག ས་གནས་རྒྱ་གཞུང་གིས་ སྟེང་ཆེན་རྫོང་། བྱོ་སྔོན་ཡུལ་ཚོའི་ནང་གི་ཁྱིམ་ཚང་རེ་རེ་ནས་ཕྲུ་གུ་རེ་རེ་ངེས་པར་དུ་ཡུལ་ཚོ ིི་སློབ་གྲྭའི་ནང་དུ་གཏོང་དགོས་པའི་བཙན་བཀའ་བཏང་ནས། སློབ་གྲྭ་དེའི་ནང་སྟེང་ཆེན་རྫོང་བྱོ་སྔོན་ཡུལ་ཚོའི་ཁྱབ་ཁོངས་ཀྱི་བོད་མི་ཞི ང་འབྲོག་རྣམས་ཀྱི་ཕྲུ་གུ་བརྒྱ་ཕྲག་ཡོད་ན་ཡང་། དགེ་རྒན་ཚོས་སློབ་སྦྱོང་མ་སྤྲད་པར་ཕྲུ་གུ་རྣམས་ཉིན་ལྟར་སློབ་ཁང་ནང་བཅུག་བཞ ག་པ་འམ་ཡང་ན་མང་ཆེ་བ་རྩེད་མོ་རྩེ་རུ་བཅུག་ནས། དགེ་རྒན་རྣམས་རྒྱན་རྩེད་ལ་འགོ་འཁོར་བ་དང་ཡང་ན་ཕྱི་ལ་འཁྱམ་འགྲོ་གི་ཡོད་སྟབས ། སློབ་གྲྭར་བཏང་ནས་ལོ་བཞི་ལྔ་ཕྱིན་པའི་ཕྲུ་གུ་ཚོའི་ཀྱང་ཡི་གེ་སྦྱོར་ཀློག་ཙམ ་ཡང་ཡག་པོ་ཤེས་ཀྱི་མེད་པར་བརྟེན། ཕ་མ་ཚོས་ཕྲུ་གུ་སློབ་གྲྭ་དེར་གཏོང་རྒྱུར་དགའ་མོས་བྱེད་ཀྱི་མེད་པ་མ་ཟད། ཕ་མ་ཁག་ཅིག་གིས་ཕྲུ་གུ་ཡུལ་ཚོའི་སློབ་གྲྭ་ནས་འཐེན་ཏེ་ལྷ་ས་དང་ཆབ་མདོ་རྫོང་ སོགས་ཐག་རིང་ས་གནས་གཞན་ལ་སློབ་གྲྭར་མི་གཏོང་ཁ་མེད་ཆགས་ཡོད་འདུག ཡིན་ན་ཡང་ས་གནས་མི་མང་ཚོར་ཕྱོགས་གཅིག་ནས་ཁྲིམས་ལུགས་ཀྱི་་གོ་རྟོགས་དམན་པ་ད ང་། ཕྱོགས་གཞན་ཞིག་ནས་རྒྱ་གཞུང་གི་གོང་རིམ་ལས་ཁུངས་དང་ལས་བྱེད་སོགས་སུ་ཞུ་གཏུག ་བྱས་ཀྱང་། ཁྲིམསས་ལུགས་དྲང་བདེན་ཡོང་དཀའ་བར་ཚོད་དཔག་བྱས་ཏེ་ཞུ་གཏུག་བྱེད་ཐུབ་ཀྱི་མེད ་པ་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང་།། ལྷོ་ཕྱོགས་གསར་གོད་པས། Print Friendly Version of this page Print Get a PDF version of this webpage PDF Share on Facebook 0 Tweet about this on Twitter 0 Share on Google+ 0 Share on LinkedIn 0 Email this to someone ཀློག་གྲངས། : 33 སྡེ་ཚན། གསར་འགྱུར་གནད་བསྡུས་ཁག, བོད , July 28, 2014 by Choenyi Woser. Post navigation ← ལི་བྷི་ཡའི་གནས་སྟངས་མུ་མཐུད་ཛ་དྲག་ཏུ་འགྲོ་བཞིན་པ། འབྲི་རུ་རྫོང་སྲིད་གཞུང་གི་ཁྲིམས་ཡིག་གསར་པ་དང་མི་མང་བཙན་གནོན། → Leave a Reply Cancel reply You must be logged in to post a comment. གླ་ཡོད་གསལ་བསྒྲགས། འདས་མཆོད་གསལ་བསྒྲགས། ལས་གནས་ས་སྟོང་གསལ་བསྒྲགས། ལས་གནས་ས་སྟོང་གསལ་བསྒྲགས། ཨ་རིའ་ཆུ་སྒང་གསལ་བསྒྲགས། འདི་ནས་དཔར་སྐྲུན་བྱས་པའི་དེབ། khenpo_m mangtso_m nagtsang_m tsigzod_m wanlishung_m ཀློག་མང་ཤོས་ཀྱི་གསར་འགྱུར། * བོད་མི་སྐྱབས་བཅོལ་བ་སྦེལ་རྗམ་ནས་ཕྱིར་འགྲོ་དགོས་སྐོར་བརྗོད་འདུག 2,657 views * བོད་པའི་སྤྱི་ཚོགས་ལ་རྗེས་ལུས་ཀྱི་རྣམ་པ་འདུག་ཟེར། 1,127 views * གཞོན་ལྷན་གྱི་སྒྲིག་འཛུགས་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་ངོས་འཛིན། 1,055 views * དབུ་མའི་ལམ་དང་རང་བཙན་གྱི་གདམ་ཀ་དེ་“གདམ་ཀ་མེད་པའི་གདམ་ཀ་”ཞིག་རེད། 919 views * བོད་ཁུལ་གྱི་གསང་གྲངས་ཞེས་པའི་བརྩམས་སྒྲུང་གློག་བརྙན་དུ་ཕབ་འཆར། 899 views * ཕོ་བྲང་སྐོར་ལམ་ནས་རྙེད་པའི་ཅ་ལག་དེ་འབར་རྫས་ཡིན་མིན་བརྟག་དཔྱད་བྱེད་ཀ ྱི་ཡོད་པ་རེད། 899 views * ཞབས་འདྲེན་ཞུ་མཁན་བྱུང་ན་ཚགས་པར་ནང་བཀོད་ན་ཡག་ཤོས་རེད། 872 views * རྒྱ་ནག་གཞུང་ལ་མགོ་བསྒུར་ནས་བོད་པའི་སྤྱི་ཚོགས་ནང་རྙོག་གྲ་བཟོས་ན་ཐབས་ སྐྱོ་པོ་འདུག 788 views * རྒྱ་གར་གསང་བའི་ལས་ཁུངས་ནས་བསྟན་འཛིན་བརྩོན་འགྲུས་བཀག་ཉར། 732 views * ལ་དྭགས་མི་མང་བརྒྱ་ཆ་༨༠ཨ་རིར་གཏོང་རོགས་ཞེས་འབོད་སྐུལ་ཞུས་སོང་། 711 views Search for: ____________________ Search རྩོམ་ཡིག་ཀློག་མང་ཤོས། * བྱང་ཨ་རིའི་རྒྱ་བོད་མཛའ་འབྲེལ་གྱི་གསང་གནས། 792 views * སྦེལ་རྗམ་སྐྱབས་བཅོལ་བོད་མིའི་ཡིད་ཆེས་དང་རེ་བ། 596 views * བོད་པས་བོད་པ་འདི་ལྟར་གསོན་ཟ་བྱེད་ཀྱི་འདུག 377 views * ལག་དེབ་ལྗང་ཁུ་ལས་འཕྲོས་པའི་སྐད་ཆ། 369 views * རྒྱ་རི་རིན་པོ་ཆེའི་གཞོན་ལྷན་གསར་འཛུགས་དང་འབྲེལ་བའི་གཏམ། 316 views * མདུན་ངོས། * གསར་འགྱུར། * ང་ཚོའི་སྐོར། * བསམ་ཚུལ། * སློབ་གསོ། * རྩོམ་ཡིག * ཟིན་བྲིས། * པར་མཛོད། * འབྲེལ་གཏུགས། Visit Old Version བོད་ཡིག English 中文 © Bangchen. Website Developed by Tibetan I Tech