#Dzongkha Kuensel » མཆོད་རྟེན་སློངས་མི་ ཉེས་ཅན་༣ ལུ་ ཚེ་བཙོན་དང་ གཞན་མི་༢ ལུ་ ལོ་༣ ལས་༧ ཚུན་གྱི་ བཙོན་ཁྲིམས་བཀལ་ཡོདཔ། Comments Feed རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མིའི་ ཐོབ་ཐངས་དང་ ལཱ་གཡོག་ཆ་རྐྱེན་གྱི་ འཕྲི་སྣོན་དཔྱད་ཡིག་ ཆ་འཇོག་གནང་མི་ལུ་ ལྡོག་ཕྱོགས་ཚོགས་པ་ སེམས་དང་མ་ལྡནམ། འཕྲལ་གྱི་མཐའ་དོན་ལུ་མིན་པར་ ཕུགས་ཀྱི་ཐུགས་བཞེད་གནང་དགོཔ། Dzongkha Kuensel English Tuesday, January 20th, 2015 - 1:01 AM * གདོང་ཤོག། * གནས་ཚུལ། * རྩོམ་སྒྲིག་པའི་སྣང་འཆར། * མི་མང་བསམ་འཆར། * རྩེད་རིགས། * གཟའ་སྐར། * ཁྲོས་མའི་དབང་ཆེན་གྲོལ་ཡོདཔ། Nov 28, 2014 0 མཆོད་རྟེན་སློངས་མི་ ཉེས་ཅན་༣ ལུ་ ཚེ་བཙོན་དང་ གཞན་མི་༢ ལུ་ ལོ་༣ ལས་༧ ཚུན་གྱི་ བཙོན་ཁྲིམས་བཀལ་ཡོདཔ། ༉ མོང་སྒར་ཁྲིམས་འདུན་གྱིས་ སྤྱི་ཟླ་༡༡ པའི་ཚེས་༢༥ དང་༢༦ ལུ་ མཆོད་རྟེན་སློངས་མི་ ཉེས་ཅན་༥ གི་ འཁྲུན་ཆོད་༣ བཏོན་མིའི་ནང་ ཉེས་ཅན་༣ ལུ་ ཚེ་བཙོན་དང་ གཞན་མི་༢ ལུ་ ལོ་༣ ལས་༧ ཚུན་གྱི་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས། འཁྲུན་ཆོད་ཚུ་དང་འཁྲིལཝ་ད་ སྐྱེས་ལོ་༣༤ ལང་མི་ རྣམ་རྒྱལ་དང་ སྐྱེས་ལོ་༢༨ ལང་མི་ ཚེ་དབང་ལྷུན་གྲུབ་༢ ཀྱིས་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ མོང་སྒར་ འགྱུར་མེད་རྒེད་འོག་ བདེ་སྲུང་བྲག་ལུ་ཡོད་པའི་ མཆོད་རྟེན་སློངས་ཏེ་ ནང་གཟུངས་ཚུ་ བཏོན་འབག་ཡོདཔ་ཨིན་པས། ཁོང་༢ ཀྱིས་ འབྲུག་གི་ སྒྲུབ་བྱེད་བཅའ་ཁྲིམས་དོན་ཚན་༨༤ པ་དང་༨༥ པའི་ དགོངས་དོན་ལྟར་ ཆ་གནས་ཡོད་པའི་ཁས་ལེན་འབད་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༣༥༡(ཀ) པའི་ དགོངས་དོན་ལས་འགལ་ཡོདཔ་ལས་ ཁྲིམས་དེབ་དེའི་ དོན་ཚན་༣༥༢ པ་དང་འཁྲིལ་ཏེ་ ཉེས་ཁྲིམས་སྨིན་དགོཔ་ཨིན་པས། འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༧(ཁ)པའི་ དགོངས་དོན་ལྟར་ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ འཛིན་བཟུང་འབད་བའི་ ཉིནམ་ལས་འགོ་བཟུང་སྟེ་ ཚེ་བཙོན་བཀལ་ཡོདཔ་ཨིན་པས། དེ་བཟུམ་སྦེ་ འཁྲུན་ཆོད་གཞན་མི་ནང་ཡང་ རྣམ་རྒྱལ་གྱིས་ སྐྱེས་ལོ་༣༡ ལང་མི་ བསྟན་འཛིན་རྡོ་རྗེ་དང་གཅིག་ཁར་ སྤྱི་ལོ་༢༠༡༤ ཟླ་༣ པའི་ཚེས་༦ གི་ནུབ་མོར་ སྐྱེངས་མཁར་རྒེད་འོག་ མུ་རུང་ལུ་ཡོད་པའི་ མཆོད་རྟེན་གྱི་ ནང་གཟུངས་བཏོན་འབག་ཡོདཔ་ཨིན་པས། དེ་འབདཝ་ལས་ ཁྲིམས་ཀྱི་འདུན་ས་ལས་ ཉེས་ཅན་བསྟན་འཛིན་རྡོ་རྗེ་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ འཛིན་བཟུང་འབད་བའི་ ཚེས་གྲངས་ལས་འགོ་བཟུང་སྟེ་ ཚེ་བཙོན་སྨིན་ཡོདཔ་ཨིན་པས། སྤྱི་ཟླ་༡༡ པའི་ཚེས་༢༥ ལུ་བཏོན་མི་ འཁྲུན་ཆོད་ཀྱི་བཤེར་བཅུད་དང་འཁྲིལཝ་ད་ དོགས་ཟོན་ཅན་ དམ་ཆོས་ཁོ་ར་ མོང་སྒར་ལུང་ཕྱོགས་གཙོ་བསྟན་སྨན་ཁང་ནང་ ངོ་མ་ཤེས་པའི་མི་ངོམ་ འབྲུག་རྒྱལ་ཟེར་མི་དང་ ཕྱད་པའི་སྐབས་ འབྲུག་རྒྱལ་གྱིས་ འགྲུལ་འཕྲིན་ནང་ཡོད་པའི་ གཟི་གི་པར་བཏོན་ཏེ་ དམ་ཆོས་ལུ་ གཟི་མི་ཐོབ་ག་ཟེར་དྲི་བའི་སྐབས་ དོགས་ཟོན་ཅན་གྱིས་ འཚོལ་བལྟ་དགེ་ཟེར་སླབ་སྟེ་ བསྟན་འཛིན་རྡོ་རྗེ་དང་ རྣམ་རྒྱལ་གཉིས་ལུ་ འགྲུལ་འཕྲིན་བཏང་སྟེ་ གཡུས་ཁར་ལས་ གཟི་རེ་ཐོབ་པ་ཅིན་ འབག་ཤོག་ཟེར་སླབ་ཡོདཔ་ཨིན་པས། དོགས་ཟོན་ཅན་ བསྟན་འཛིན་རྡོ་རྗེ་དང་ རྣམ་རྒྱལ་གཉིས་ཀྱིས་ ཁོང་རའི་གཡུས་ཁ་ལུ་ ས་གནས་གོང་རི་ཟེར་སར་ ཉ་བཟུང་པར་འགྱོ་ནི་ཨིན་ཟེར་སླབ་སྟེ་ རྣམ་རྒྱལ་གྱི་ནོ་གཅུང་ ཕུན་ཚོགས་དབང་འདུས་ཡང་ ཆ་རོགས་སྦེ་ཁྱིད་དེ་ ས་གནས་ནང་ལྷོདཔ་ད་ ཉ་བཟུང་ནི་མེན་པར་ རོ་མང་ལུ་ཡོད་པའི་ མཆོད་རྟེན་གྱི་ ནང་གཟུངས་བཏོན་པར་ཨིན་ཟེར་སླབ་སྟེ་ དབང་བཙོང་ཐོག་ དོགས་ཟོན་ཅན་ཕུན་ཚོགས་དབང་འདུས་དེ་ བྱ་བལྟ་མི་སྦེ་ བཞག་ཡོདཔ་ཨིན་པས། དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ བསྟན་རྡོ་རྗེ་དང་ རྣམ་རྒྱལ་༢ ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༥༡ པའི་ དགོངས་དོན་ལྟར་ སྐུ་གསུང་ཐུགས་རྟེན་ནམ་ གཟུངས་དང་འབྲེལ་བའི་གནོད་འགེལ་གྱི་ནང་གསེས་ མཆོད་རྟེན་ནང་གཟུངས་བཏོན་པའི་ ཉེས་འཛུགས་འབད་དགོཔ་སྦེ་ཨིན་པས། གནད་དོན་དེ་ལུ་བརྟེན་ བསྟན་འཛིན་རྡོ་རྗེ་དང་ རྣམ་རྒྱལ་༢ ལུ་ ཚེ་བཙོན་སྨིན་པའི་ཁར་ ཕུན་ཚོགས་དབང་འདུས་ཀྱིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༡༢༥ པའི་ དགོངས་དོན་ལས་འགལ་ཡོདཔ་ལས་ ཁྲིམས་དེའི་དོན་ཚན་༡༣༥(ཀ)པ་དང་འཁྲིལ་ དོན་ཚན་༡༡ པའི་དགོངས་ལྟར་ ཉེས་ཁྲིམས་སྨིན་མ་དགོ་པའི་ཐད་ ཁྲིམས་དེབ་དེའི་དོན་ཚན་༢༣(ཇ)པའི་ དགོངས་དོན་ལྟར་ བཙན་དབང་ངམ་ དབང་བསྒྱུར་གྱི་འོག་ལུ་ཚུད་མི་ལུ་བརྟེན་ ལྷོད་ཡངས་ཀྱི་སྐབས་དོན་རྩིས་ཏེ་ སྤྱི་ཟླ་༨ ཚེས་༡༤ ལུ་ འཛིན་བཟུང་འབད་མི་ལས་ འགོ་བཟུང་སྟེ་ བཅོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས། ཉེས་འབྲེལ་པ་ དམ་ཆོས་ཀྱིས་ མོང་སྒར་གཙོ་བསྟན་སྨན་ཁང་ནང་ ངོ་མ་ཤེས་པའི་མི་ངོམ་ འབྲུག་རྒྱལ་ཟེར་མི་གིས་ གཟི་དགོ་པའི་ལོ་རྒྱུས་སླབ་མི་དང་འཁྲིལ་ཏེ་ བསྟན་འཛིན་རྡོ་རྗེ་དང་ རྣམ་རྒྱལ་༢ ལུ་ མཆོད་རྟེན་གྱི་ ནང་གཟུངས་བཏོན་བཅུག་པའི་ གནད་དོན་ཐོག་ ལོག་འདྲེན་གྱི་ གནོད་འགེལ་ཉེས་འཛུགས་འབད་མི་ལུ་ འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་དོན་ཚན་༨༤ པ་དང་༨༥ པའི་དགོངས་དོན་བཞིན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༡༢༦ པའི་ དགོངས་དོན་ལས་འགལ་ཡོདཔ་ལས་ ཁྲིམས་དེའི་དོན་ཚན་༡༣༤(ཀ)པ་དང་འཁྲིལ་ དོན་ཚན་༡༠ པའི་དགོངས་ལྟར་ བཙོན་ཁྲིམས་ལོ་༧ བཀལ་མི་དེ་ འཛིན་བཟུང་འབད་བའི་ སྤྱི་ཟླ་༨ ཚེས་༢༠ ལས་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས། དེ་བཟུམ་སྦེ་ སྤྱི་ཟླ་༡༢ པའི་ཚེས་༢ ལུ་ཡང་ རྫོང་ཁག་ཁྲིམས་འདུན་གྱིས་ མཆོད་རྟེན་སློངས་བའི་ གནད་དོན་ཐོག་ལུ་ འཁྲུན་ཆོད་ཚུ་ བཏོན་གནང་ནི་ཨིན་པའི་གནས་ཚུལ། བཀྲིས་ཕུན་ཚོགས། Leave a Comment ______________________ Name (required) ______________________ Mail (will not be published) (required) ______________________ Website _______________________________________________________________________ _______________________________________________________________________ _______________________________________________________________________ _______________________________________________________________________ _______________________________________________________________________ _______________________________________________________________________ _______________________________________________________________________ _______________________________________________________________________ _______________________________________________________________________ _______________________________________________________________________ Submit Comment ལཱ་གི་གནས་སྟངས་ མ་འདྲཝ་ལས་བརྟེན་ དངུལ་ཕོགས་ཡར་སེང་ ཁྱད་པར་བཟོ་དགོཔ། ༉ འདས་པའི་ལོ་ནང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ཀྱི་ འགྱུར་བ་དང་བསྟུན་ཏེ་ ཞི་གཡོགཔ་ཚུ་ལུ་ འོས་འཚམས་ལྡན་པའི་ དངུལ་ཕོགས་ཡར་སེང་དང་ ཁང་གླའི་འཐུས་བྱིན་པའི་སྐབས་ལུ་ གཞུང་གིས་ ལས་འཛིན་ཁག་གི་ ལས་བྱེདཔ་ཚུ་གི་དོན་ལུ་ དངུལ་ཕོགས་ཡར་སེང་དང་འབྲེལ་བའི་ གྲོས་འཆར་དང་ ལོ་རྒྱུས་ཚུ་... ཚོགས་རྒྱན་བཙུགས་མི་ཚུ་གི་ རང་དབང་དང་འཁྲིལ་དགོཔ། ༉ སྲིད་དོན་ཚུ་ནང་ ཨམ་སྲུ་ཚུ་ལུ་ འདེམས་ཁྲིའི་ཐོབ་སྐལ་ ལོགས་སུ་སྦེ་ བྱིན་ནི་གི་ འོས་འབབ་ཡོདཔ་ཨིན་ན? དྲི་བ་དེ་གི་སྐོར་ལས་ མི་མང་གིས་ གྲོས་བསྡུར་འབད་དེ་ ལོ་ངོ་དག་པ་ཅིག་ ཡར་སོང་རུང་ བཅུད་དོན་བཏོན་མ་ཚུགས་པར་ དེ་སྦེ་ར་... བརྡ་བརྒྱུད་ལས་ གནད་དོན་འདྲ་མིན་སྣ་ཚོགས་སྐོར་ དྲི་བ་བཀོད་སྲིད་ནི། ༉ འདས་པའི་རེས་གཟའ་སྤེན་པ་ལུ་ གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ བློན་པོ་ལྷན་ཚོགས་ལུ་ ཧཱ་ལྷ་ཁང་དཀར་པོའི་ རྩོད་དོན་དེ་ ཁྲིམས་ཀྱི་འདུན་སར་ ཐོ་བཀོད་འབདཝ་དང་འབྲེལ་ ཁ་ཉེས་ཕོག་མི་ ཕྱི་འབྲེལ་བློན་པོ་དེ་ གནས་སྐབས་ཅིག་གི་དོན་ལུ་ གཞུང་གིས་ དགོངས་ཕོག་བཏོན་འོང་ག་ཟེར་ དྲི་བ་ཞུ་ནུག། ... ཚོང་འབྲེལ་གྱི་ ཁེ་ཕན་རྐྱངམ་གཅིག་མིན་པར་ མི་མང་གི་ མཐའ་དོན་ཡང་ཁག་ཆེ། ༉ འདས་པའི་ཟླ་ངོ་༥ གི་ ནང་འཁོད་ལུ་ རྒྱལ་ཁབ་ནང་ སྣུམ་འཁོར་༡,༩༩༣ དེ་ཅིག་ ནང་འདྲེན་འབད་ཡོདཔ་བཞིན་དུ་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་༡༣ རེ་ ནང་འདྲེན་འབད་མི་དེ་ རྣམ་རྟོག་ལང་སི་སི་ཅིག་ཨིན་མས། ད་རེས་ནངས་པ་... རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལུ་ དག་སྣང་དང་བརྩི་མཐོང་། ༉ རྫོང་ཁ་གོང་འཕེལ་ལྷན་ཚོགས་ གཞི་བཙུགས་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ རྒྱལ་ཡོངས་སྐད་ཡིག་ གོང་འཕེལ་དང་ དར་ཁྱབ་གཏང་ཐབས་ལུ་ཨིན་མས། འདི་འབདཝ་ད་ ད་ཚུན་གྱི་བར་ན་ དམིགས་ཡུལ་དང་འཁྲིལ་ འགྱོ་མ་བཏུབ་པར་ དོ་འགྲན་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཡོད་མི་དེ་ཡང་... བཙན་ཁྲིད་འབད་མི་ཚུ་ རྗེས་དཔྱད་འབད་ནིའི་འགན་ཁུར་ ག་ལུ་ཕོགཔ་ཨིན་ན? ༉ འབྲུག་འདི་ འཛམ་གླིང་རྒྱལ་ཁབ་ཚུ་གི་གྲས་ལས་ ཞི་བདེ་ཅན་དང་ ཉེན་སྲུང་ཅན་གྱི་ རྒྱལ་ཁབ་ཅིག་སྦེ་ ཆ་བཞགཔ་བཞིན་དུ་ ང་བཅས་རའི་ མི་ཚུ་ཡང་ ཉེན་སྲུང་གི་ ཚ་གྱང་ལང་མ་དགོ་པར་ སྐྱིད་ཉམས་སྐྱོང་སྟེ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ སྡོད་ཡོདཔ་ཨིན།... temp-thumb temp-thumb temp-thumb temp-thumb temp-thumb temp-thumb Archives * January 2015 * December 2014 * November 2014 * October 2014 * September 2014 * August 2014 * July 2014 * June 2014 * May 2014 * April 2014 * March 2014 * February 2014 * January 2014 * December 2013 * November 2013 * October 2013 * September 2013 * August 2013 * July 2013 Latest Video ____________________ Search BCSE 2014 Results Toppers Dzongkha PGDE PGDFM PGDPA Technical གནས་ཚུལ། * ཧིན་དུ་ཀུཤ་ལུང་ཕྱོགས་ནང་ གངས་རིའི་ནགས་ཚལ་ཡུན་བརྟན་འཛིན་སྐྱོང་གི་ ཐབས་ལམ་བཏོན་ནི། * གནས་ཚུལ་མདོར་བསྡུས། * གཞུང་ཁྱིམ་ནང་སྡོད་མི་ ཞི་གཡོགཔ་ཚུ་གིས་ དུས་ཅི་ སྤྱི་ཟླ་༧ པ་ལས་ ཁང་གླ་བཏོགས་མིའི་ ལྷག་ལུས་འཐོབ་ནི། * སློབ་རིམ་༡༢ པའི་ཆོས་རྒྱུགས་ ལོག་མི་རྐྱབ་ནི་སྦེ་ གྲོས་ཐག་བཅད་ཡོདཔ། * ཨམ་སྲུ་༡ སྣུམ་འཁོར་གྱིས་འཐུ་བཀོག་སྟེ་ ཁ་འཐུམ་མར་བསད་ཡོདཔ། Copyright © 2015 Dzongkha Kuensel