The Tibet Express Blogs ཐུབ་བསྟན་བཀྲ་ཤིས། ༄༅། །སྟོང་འདང་ལ་བཅོལ་བའི་མི་ཚེ། ། The Tibet Express Select Language བོད་ཡིག 繁體中文 English * Login Username __________ Password __________ Login Forgot your password? Forgot your username? * Create an account Name: ________________________________________ * Username: ________________________________________ * E-mail: ________________________________________ * Password: ________________________________________ * Verify Password: ________________________________________ * Fields marked with an asterisk (*) are required. (Submit) Create an account * Search ____________________ Search * News + Tibet + Exile + World + Amazing facts + Sports + advertisement * About us + About us + Projects + Thanks * Opinions + Editorial Column + Interview + Literary + Letter from Readers + Forum for new generation * Education + Tibetan History + World history + Introducing Buddhism + Tibetan Language + Health and Hygiene + Elegant Excerpts * Literary + Poetry Section + Prose Section + Opinion + Story + དཔེ་དེབ་ངོ་སྤྲོད། * Forum * Gallery * Blogs + ལྕོག་རི་བའི་ཟིན་བྲིས། + ལི་ཐང་དབྱིག་གཉེན། + འཆམ་ར་བའི་ཟིན་བྲིས་། + ལི་ཐང་འཇམ་བཟོད། + གངས་ལྷ་མོའི་ཟིན་བྲིས། + འབའ་བ་སྐལ་བཟང་འཕྲིན་ལས། + དཔལ་ལྡན་རྡོ་་རྗེ། + ཧོར་བུའི་ཟིན་བྲིས། + ཤེལ་དཀར་ལྷག་པ། + སྟག་ལྗོངས་བླ་མ། + གསེར་རྟ་བསོད་ནམས་ཕུན་ཚོགས། + བཟོད་པ་ལྷ་རྩེ། + བསྐལ་བཟང་། + འབའ་བ་འཆི་མེད། + བསོད་ནམས་ཚེ་རིང་། + སེར་ཤུལ་རིན་ཆེན་དོན་གྲུབ། + བྲག་ཕྲུག + ནགས་ཕྲན་པ་བསོད་ནམས་ཚེ་རིང་གི་ཟིན་བྲིས། + རྟའུ་ཆོས་མཛད་ཀྱི་ཟིན་བྲིས། + རྒྱལ་ཐང་ཡོན་ཏན་གྱི་ཟིན་བྲིས། + གསེར་རྟ་ཚུལ་ཁྲིམས་ཀྱི་ཟིན་བྲིས། + ལྷ་སྨོན་པའི་ཟིན་བྲིས། + གཏམ་བུ་ཡོན་ཏན་གྱི་ཟིན་བྲིས། + གྱད་ལྷ་དགའི་ཟིན་བྲིས། + སྤྲེལ་ལོ་པའི་ཟིན་བྲིས། + སྤྲང་ཕྲུག་གི་ཟིན་བྲིས། + ལི་ཕྲུག་གི་ཟིན་བྲིས། + སེར་སྨད་བློ་དགའི་ཟིན་བྲིས། + ཀུན་དགའི་ཟིན་བྲིས། + ཐུབ་བསྟན་བཀྲ་ཤིས། + དྲ་འདྲེའི་ཟིན་བྲིས། * Contacts * Skip to content ༄༅། །སྟོང་འདང་ལ་བཅོལ་བའི་མི་ཚེ། ། E-mail Print PDF There are no translations available. ༄༅། །སྟོང་འདང་ལ་བཅོལ་བའི་མི་ཚེ། ། སྟོང་བསམ་སྟོང་གི་གོ་རིམ་བསྒྲིག་ཏེ། ། ཕམ་ཁ་གྲངས་མེད་བག་མར་བསུས་ནས། ། ཨུ་ཚུགས་སྟོང་ལ་རམ་འདེགས་བྱས་ཏེ། ། ཕུག་མདུན་དཀར་པོ་རླུང་ལ་སྤུར་སོང་། ། སྤྱི་ཚོགས་གསར་བའི་གྲུ་ཁ་ཞིག་ན། ། དྲན་བདེན་སྟོང་གི་ལམ་ཁ་བོར་ནས། ། བསླུ་བྲིད་ཚིག་ལ་ཞེ་བློ་འཁོར་ཏེ། ། རྙེད་ཚད་གོ་སྐབས་འཕྲོ་བརླགས་བཏང་སོང༌། ། སྣ་ཚོགས་ཚོན་རྩིས་ཁ་དོག་བསྒྱུར་ནས། ། མི་ཚེའི་མདུན་ལམ་དངུལ་ལ་བཅོལ་ཏེ། ། གཅེས་པའི་རང་ལུས་འདོམ་གང་འདི་ལ། ། བདག་པོ་རྒྱག་པའི་འཇོན་ཐང་བྲལ་སོང༌། ། གཡོ་ཟོལ་སྟོང་གི་ཧྲག་བར་ཞིག་ན། ། སྟོང་ལ་རེ་བའི་མཚོན་མའི་མིག་ཟུང༌། ། བརྩེ་བ་ཤི་བོ་ཞིག་ལ་གཏད་ནས། ། ཡོད་ཚད་རེ་བ་སྟོང་བར་ཆགས་སོང༌། ། མེས་པོའི་གོམ་གཤིས་རྒྱང་ལ་སྤྲད་དེ། ། སྣ་དང་རྣ་བར་བུ་ཀའི་བཀང་ནས། ། གཞན་རྗེས་འབྲང་བའི་ཅོལ་ཆུང་བུ་མོའི། ། མི་ཚེ་གཅིག་གི་འདུན་མ་བོར་སོང༌། ། ཁོར་ཡུག་ཞིག་གི་དབང་བསྒྱུར་འོག་ནས། ། ཞེད་སྣང་ཁྲི་ཕྲག་གྲོགས་སུ་བསྐྲུན་མཐར། ། ཁེར་རྐྱང་ལྟོ་བ་འབུར་དུ་ཐོན་པའི། ། བོད་པའི་བུ་མོ་སྙིང་ལ་རྗེའོ། ། ཟུར་ཟའི་ཚིག་གི་སྨོད་པ་མ་ཡིན། ། གཞན་རྗེས་མ་ཟིན་བོད་པའི་བུ་མོའི། ། རང་ཚུགས་ཤོར་བའི་ལད་མོ་མཐོང་དུས། ། སྐྱོ་བའི་མིག་ཆུ་སྨྱུག་རྩེར་བཞུར་སོང༌། ། རིགས་ཞེན་དཀར་པོ་སེམས་ན་ལྕི་ཕྱིར། ། ཕན་ལ་རེ་བའི་ཁོ་བོས་སེམས་གཏམ། ། གང་ཤར་མ་བཅོས་ལྷུག་པོར་བྲིས་འདིའི། ། ཕན་པའི་འབྲས་བཟང་མྱུར་དུ་སྨིན་ཤོག ། ༢༠༠༨་༣་༢༠ ཉིན་བོད་དུང་བས་བྲིས། ། * News Joomla site by Elovaris Web Development Copyright Tibet Express Product Configurator Joomla