མ་ངོས། . གསར་འགྱུར། . རླུང་འཕྲིན། . གླུ་གཞས། . བརྙན་མཐོང་། . པར་དེབ། . རིག་གནས། . ཡུལ་སྐོར། . ཇ་ཁང་། [c_logo.png] * མ་ངོས། * གཙོ་དོན། * སྲིད་དོན། * གལ་ཆེན། * སྤྱི་ཚོགས། * ཕྱོགས་བསྡུས། * དཔལ་འབྱོར། * རྒྱལ་ནང་། * ཇུས་འགོད། 中文 [c_link2.gif] English ____________________ [new_search.gif] PAD Android IOS ཁ་པར་པར་གཞི་ཕབ་ལེན། མ་ངོས།>>གསར་འགྱུར།>>ང་ཚོའི་འོས་སྦྱོར། བགྲེས་སོང་ཕུར་བུ་ཚེ་རིང་གི་མི་ཚེའི་ལམ་བུ། ཡོང་ཁུངས། བོད་ལྗོངས་རླུང་འཕྲིན། རྩོམ་པོ། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 2014-07-09 您没有安装FlashPlayer或版本太低, 请点击获得最新版本FlashPlayer [gb_bf4.jpg] 00:00 རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་ཤར་ཕྱོགས་གྲོང་ཚོའི་བགྲེས་སོང་ཕུར་བུ་ཚེ་ རིང་གིས་དུས་རབས་གོང་མའི་ལོ་རབས་དྲུག་བཅུ་པའི་ཚུན་དུ་ཡུལ་དམག་གི་བརྒྱ་དཔོན ་ལོ་བཅུ་ཕྲག་ཁ་ཤས་གནང་མྱོང་ཡོད་པ་དང་། ཤར་ཕྱོགས་གྲོང་ཚོའི་རྒྱུད་དུ་བགྲེས་སོང་གི་མཚན་ངོ་མ་གཏིང་བརྗེད་དུ་སོང་ནས་ ཚང་མས་ཁོང་ལ་བརྒྱ་དཔོན་ལགས་ཞེས་འབོད་ཀྱི་ཡོད་པ་རེད། བགྲེས་སོང་ཕུར་བུ་ཚེ་རིང་ད་ལོ་དགུང་ལོ ༧༩ ལ་ཕེབས་ཀྱི་ཡོད་པ་དང་། སྤྱི་ཚོགས་གསར་པའི་ནང་ཁོང་ལ་བརྒྱ་དཔོན་ལགས་ཞེས་པའི་མཚན་དེ་འབོད་ནས་མི་ལོ་ཕ ྱེད་ཀ་ལྷག་ཙམ་འགྲོ་གི་ཡོད་པ་རེད། འོན་ཀྱང་ཁོང་གི་བྱིས་པའི་དཀའ་སྡུག་གི་འཚོ་བ་དེ་ཡང་བརྗེད་ཐབས་བྲལ་བ་ཞིག་རེད ། བགྲེས་སོང་ཁོང་གི་འཚོ་བ་སྐྱེལ་སའི་ཤར་ཕྱོགས་གྲོང་ཚོའི་རྒྱུད་ཀྱི་ས་ཆ་མང་ཆེ ་བ་ནི། ཞི་བས་བཅིངས་འགྲོལ་མ་བཏང་གོང་དཔལ་འཁོར་ཆོས་སྡེའི་ཁོངས་སུ་གཏོགས་ཀྱི་ཡོད་པ་ རེད། བགྲེས་སོང་ཁོང་གི་ཁྱིམ་ཚང་ནི་དུད་ཆུང་ཡིན་པས་དགོན་སྡེའི་ས་ཞིང་མུའུ་ལྔའི་ དེབས་ལས་བྱེད་ཀྱི་ཡོད་པ་རེད། ཁོང་དང་ཕ་མ་སྤུན་མཆེད་ཚོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཞིང་ནང་དུ་ལས་ལ ་བྲེལ་བ་དང་། ཉིན་ལྟར་ངལ་རྩོལ་ལྕི་པོ་ཤ་སྟག་བྱེད་དགོས་ཀྱང་ཟས་ཀྱིས་གྲོད་པ་མི་རྒྱགས་པ་དང ་གོས་ཀྱིས་ལུས་པོ་དྲོད་ཀྱི་མེད་པ་རེད། བགྲེས་སོང་ཁོང་ལོ་བཅུ་བཞིར་སླེབས་དུས་དམངས་གཙོའི་བཅོས་བསྒྱུར་བཏང་བ་དང་། དེ་ནས་བཟུང་ཁོང་གི་འཚོ་བར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ ་རེད། ཁོང་གྲོང་ཚོའི་ཙུའུ་ཀྲང་གནང་མྱོང་ཡོད་ལ་ཤང་ཀྲང་གཞོན་པ་དང་ཤང་ཀྲང་ཡང་གནང་མྱ ོང་ཡོད་པ་རེད། སྤྱི་ལོ ༡༩༦༦ ལོ་ནས ༢༠༠༢ ལོ་བར་ཤར་ཕྱོགས་གྲོང་ཚོའི་ཡུལ་དམག་གི་བརྒྱ་དཔོན་ལོ ༣༦ གནང་བ་དང་དེ་ནི་ཁོང་གིས་གནང་བའི་བྱ་གཞག་གལ་ཆེ་ཤོས་ཤིག་རེད། བགྲེས་སོང་ཁོང་གི་དམག་མིའི་བརྩེ་སེམས་དེ་རིགས་ཀྱིས་རྐྱེན་པས། ཁོང་གི་བུ་གཞོན་པ་བུ་ཆུང་ཡང་སྤྱི་ཚོགས་གསར་པའི་ནང་དམག་མིར་གྱུར་བ་རེད། ད་ལྟ་བགྲེས་སོང་ཁོང་རྒན་ཡོལ་ཞུས་ཟིན་ནས་གཞིས་རྩེ་གྲོང་ཁྱེར་དུ་ཁྱིམ་གཞིས་བ ཙུགས་ཏེ་ཚེ་མཇུག་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པ་རེད། ། ༼ རྩོམ་སྒྲིག་རྣམ་སྲས། ༽ མཉམ་སྤྱོད། འོས་སྦྱོར། * སྲིད་གྲོས་ཨུ་ཡོན་ཚོས་ཚོཌ་ཆུང་ཁག་བགོས་ཀྱིས་གྲོས་བ... * སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲ... * ཨུ་ཡོན་ཚོགས་འདུ་ཐེངས་གསུམ་པས་སྲིད་གྲོས་རྒྱུན་ལས་... * ལྗོངས་བརྟག་ཞིབ་ཚོགས་ཆུང་གིས་སེ་ར་དགོན་ཡན་ལག་སློབ... * གྲོས་གཞིའི་ནང་ཨུ་ཡོན་རྣམ་པས་མང་ཚོགས་ཀྱི་ལས་ཞུགས་... ངའི་དགའ་ཤོས། འོས་སྦྱོར། * སྲིད་གྲོས་ཨུ་ཡོན་ཚོས་ཚོཌ་ཆུང་ཁག་བགོས་ཀྱིས་གྲོས་བ... * སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲ... * ཨུ་ཡོན་ཚོགས་འདུ་ཐེངས་གསུམ་པས་སྲིད་གྲོས་རྒྱུན་ལས་... * ལྗོངས་བརྟག་ཞིབ་ཚོགས་ཆུང་གིས་སེ་ར་དགོན་ཡན་ལག་སློབ... * གྲོས་གཞིའི་ནང་ཨུ་ཡོན་རྣམ་པས་མང་ཚོགས་ཀྱི་ལས་ཞུགས་... འོས་སྦྱོར་། * [150975_287.021.jpg] ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅ... * [150981_918.261.jpg] ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅ... * [150983_1301.302.jpg] དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་ས... * [150991_1700.214.jpg] སྲིད་གཞུང་གི་ལས་དོན་སྙན་སྒྲོན་ས... མཛེས་ལྗོངས་ཁུལ། * [P020150119622811277588.jpg] སོ་ནམ་ལོ་གསར་གོང་གི་འཁྲུག་ཆ་དོད... * [P020150119556641024490.jpg] སྲིད་གཞུང་ལས་དོན་སྙན་སྒྲོན་སྒྲོ... * [P020150119569149708069.jpg] སྲིད་གྲོས་སྐབས་བཅུ་པའི་བོད་རང་ས... * [P020150118410828429092.jpg] བོད་རང་སྐྱོང་ལྗོངས་མི་དམངས་འཐུས... * [P020150118597157690239.jpg] བོད་རང་སྐྱོང་ལྗོངས་མི་དམངས་འཐུས... * [P020150117782739374825.jpg] སྲིད་གྲོས་སྐབས་བཅུ་པའི་བོད་རང་ས... ངོ་མཚར་གླེང་མོལ། པར་ལེན་། [W020150105376658362578_230.png] བགྲོ་གླེང་།:ཆོས་ལུགས། [བགྲོ་གླེང་།] * * * * གསར་འགྱུར། གཙོ་དོན། སྲིད་དོན། གལ་ཆེའི་གསར་འགྱུར། སྤྱི་ཚོགས། * རླུང་འཕྲིན། བོད་སྐད་རླུང་འཕྲིན། ཁམས་སྐད་རླུང་འཕྲིན། རྒྱ་སྐད་རླུང་འཕྲིན། * གླུ་གཞས། གླུ་གཞས་མ་ངོས། MV བང་རིམ། * བརྙན་མཐོང་། བརྙན་འཕྲིན་མ་ངོས། བོད་སྐད་བརྙན་འཕྲིན། རྒྱ་སྐད་བརྙན་འཕྲིན། ངོ་སྤྲོད། * པར་དེབ། ཆོས་ལུགས། རང་བྱུང་ཡུལ་ལྗོངས། པར་རིས་འོས་སྦྱོར། བང་རིམ། * རིག་གནས། བཟོ་རིག་པ། རི་མོའི་སྒྱུ་རྩལ། བོད་རིག་པ། གླུ་གར། * ཡུལ་སྐོར། ཡུལ་སྐོར་ཆ་འཕྲིན། མཛེས་ལྗོངས་ཁུལ། ཡུལ་སྐོར་ལམ་ཐིག བརྙན་མཐོང་། * [in_logo.png] * འདི་གའི་པར་དབང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་བདག་པ ས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ། ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༣༩༦ * ས་གནས། :བོད་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་སྒོ་རྟགས༤༡ སྦྲག་ཨང་༨༥༠༠༠ དྲ་བའི་འབྲེལ་གཏུགས་ཞལ་པར་ཨང་གྲངས།:༠༨༩༡--༦༨༣༧༥༤༣ གློག་རྡུལ་སྦྲག་སྐུར།:tibetradio@tibetradio.cn གསར་འགྱུར་ལས་དོན་མི་སྣའི་ཀུན་སྤྱོད་བལྟ་སྐུལ་ཞལ་པར་ཨང་གྲངས།:༠༨༩༡--༦༨ ༢༧༩༡ བལྟ་སྐུལ་སྦྲག་སྐུར།:xzzbs@yahoo.com.cn པེ་ཅིང་ཐོའོ་ཨར་སི་ཆ་འཕྲིན་ལག་རྩལ་མ་རྐང་ཚད་ཡོད་ཀུང་སི།