[---འབོལ་རྩོམ།...........................] སྤྱི་ཚོགས་སྟེང་མི་ཚེ་སྐྱེལ་སྟངས། གཟའ་ལྷག་པ།, 06 /11/ 2013 10:54 ཀླུ་སྨྱོན། ངས་ཁྱོད་ལ་འདྲི། གཞན་གྱིས་ཁྱོད་ལ་བསྟོད་པ་བྱེད་དུས་ཁྱོད་དགའ་ནས་གནམ་ལ་ལྡིང་ཨེ་མྱོང་། གཞན་གྱིས་ཁྱོད་ལ་སྨད་པ་བྱེད་དུས་ཁྱོད་སྡུག་ནས་ཉལ་སར་ལྷུང་ཨེ་མྱོང་། སྤྱིར་ན་མི་ཞིག་ཡིན་ན་རང་གིས་མི་གཞན་པར་བག་ཆགས་བཟང་པོ་ཞིག་འཇོག་ཨེ་ཐུབ་ལ་ བད་པ་དང་། བག་ཆགས་དེས་བསྐྱེད་པའི་གཞན་གྱི་བསྟོད་བཀུར་བསྔགས་གསུམ་ལ་རོལ་ན་ཇི་འདྲའི་སྐ ྱིད་པོ་ཞིག་ཡོད་པ་རེད་ཨང་། ཁྱད་པར་དུ་རང་གི་ལས་ཀ་དང་འབྲེལ་བའི་གཞན་གྱི་བསྔགས་བརྗོད་ཐོབ་ན་དེས་རང་ཉིད་ ཀྱི་སེམས་ཤུགས་སྤར་བ་དང་། བླ་ན་མེད་པའི་གསོན་ཤུགས་སྦྱིན་པ། ལུས་སེམས་དགའ་བདེས་ཁྱབ་སྟེ་ཟས་འཇུ་བ་དང་གཉིད་སྐྱིད་པ། སྙིང་ནད་དང་ཁྲག་ནད་སོགས་མི་འབྱུང་བར་ཕན་རླབས་ཆེ་བ་སོགས། གཞན་གྱི་གདེང་འཇོག་དང་ངོ་བསྟོད་སོགས་ཀྱིས་ཁྱོད་ལ་སྦྱིན་པའི་ཕན་འབྲས་ནི་ངོ་ མ་བརྗོད་མི་ཚར་བ་ཞིག་རེད། ཡིན་ན་ཡང་། སྟབས་མི་ལེགས་པ་ཞིག་སྟེ། དངོས་པོ་ཀུན་གྱི་ཆོས་ཉིད་གཡོལ་ཐབས་མེད་པ་ཞིག་ནི་བཟང་པོ་དང་ངན་པ་ཞེས་པའི་ཐ་ སྙད་དེ་གཉིས་ཆེས་ཐོག་མའི་དུས་ནས་ཕན་ཚུན་ལྟོས་གྲུབ་དང་མཉམ་དུ་ལམ་ལ་ཆས་པ་ཞིག ་ཡིན་པས། གལ་སྲིད་ཁྱོད་ཀྱིས་ཁྱོད་རང་བཟང་པོར་རློམ་པ་དང་མི་གཞན་གྱིས་ཀྱང་ཁྱོད་རང་མི་ བཟང་པོར་བསྔགས་པ་ཡིན་ན། དེ་དང་ཆབས་ཅིག་ཁྱོད་ཀྱིས་ཁྱོད་ཀྱི་ཞན་ཆ་དང་མི་གཞན་གྱིས་ཀྱང་ཁྱོད་ཀྱི་སྐྱོན ་ཆ་བཙལ་ནས་རྙེད་ཡོང་ལ། སྣང་ཚུལ་འདིས་ཁྱོད་རང་མི་སྐྱིད་པ་དང་མི་བདེ་བ་བཟོས་དང་བཟོ་བཞིན་ཡོད། དེ་ནི་ཁྱོད་རང་གཞན་གྱི་བསྟོད་བཀུར་བསྔགས་གསུམ་ལ་ཆེས་ཞེན་དྲགས་པ་དང་དགའ་དྲག ས་པས་ཡིན་ལ། ཁྱོད་ཀྱིས་གཞན་གྱི་བསྟོད་བཀུར་བསྔགས་གསུམ་དེ་ཚོ་རྟག་པ་དང་མི་འགྱུར་བའི་རང་ བཞིན་ཅན་ཞིག་ཏུ་བསྒོམས་པས་ཀྱང་རེད། དཔེར་ན་ཁྱོད་ཀྱིས་དེབ་ཅིག་བྲིས་ནས་སྤྱི་ཚོགས་སྟེང་བཀྲམ་པ་ཡིན་ན། ཐོག་མར་ཁྱོད་ཀྱི་ཉེ་འཁོར་ན་ཡོད་པའི་ཁྱོད་ཀྱི་གྲོགས་པོ་གྲོགས་མོ་དག་གིས་ཁྱོ ད་ལ་བསྟོད་པ་རེ་འཐེན་སྲིད་ཅིང་། ཁྱོད་རང་ཉིད་ཀྱང་བསྟོད་པ་ཉི་ཚེ་བ་དེ་དག་གི་ཀློང་ན་བག་མེད་ར་བཟི་ཆགས་ནས་ཡོད ་དུས། གློ་བུར་དུ་ཐག་རིང་གི་ཀློག་མཁན་ག་གེ་མོ་ཞིག་གིས་ཁྱོད་ཀྱི་དཔེ་དེབ་དེའི་ཞན་ ཆ་དེ་དང་དེ་རིགས་བྲིས་ནས་དྲ་ངོས་སུ་སྤེལ་བ་ཁྱོད་ཀྱིས་མཐོང་ཚེ། དེ་མ་ཐག་ཁྱོད་ཀྱི་གདོང་ལ་ཁྲོ་མདུད་རྒྱག་པ་དང་སེམས་ལ་ཞེ་སྡང་མེ་ལྟར་འབར་ཡོང ་། དེས་ཁྱོད་ཀྱི་བསླུ་བྲིད་ལྟར་སྣང་གི་བསྟོད་བཀུར་བསྔགས་གསུམ་དེ་ཚོ་ཡང་མེ་རུ་ སྦར་ཞིང་ཆུ་རུ་བསྐྱུར་འགྲོ་ལ། དེར་མཐུད་ནས་ཁྱོད་རང་ཀློག་པ་པོ་དེའི་སྟེང་དུ་སྙིང་ལངས་པ་དང་ཚིག་རྩུབ་མོ་སྨ ྲ་བ། ཐ་ན་ཀློག་མཁན་དེ་ཡོད་སར་བསྐྱོད་དེ་ཁོ་འམ་ཁོ་མོར་གཅར་རྡུང་ཡིད་ཚིམ་པ་ཞིག་ཀྱ ང་བྱེད་འདོད་སྐྱེ་སྲིད། དེ་ནི་ཁྱོད་གཅིག་པོའི་སྐྱོན་ཆ་ཞིག་མ་ཡིན་པར་རང་ཅག་འགྲོ་བ་མི་སྤྱི་དང་ཁྱད་པ ར་ང་དང་ཁྱོད་འདྲ་བ་བསྟོད་བཀུར་བསྔགས་གསུམ་མ་གཏོགས་སྐྱོན་ཆ་ཐེར་འདོན་འགྲོ་ས ་མེད་པའི་མི་དེ་རིགས་ལ་ཧ་ཅང་འབྱུང་སླ་བ་ཞིག་ཡིན། དེ་དང་དེའི་རྐྱེན་གྱིས། གལ་སྲིད་ཁྱོད་རང་བསྟོད་བཀུར་ལ་དགའ་ན། གལ་སྲིད་ཁྱོད་རང་སྐྱོན་བརྗོད་ལ་འཇིགས་ན། ཁྱོད་རང་མི་མེད་ལུང་སྟོང་འགྲིམ་ན་ལེགས་པ་དང་། ཁྱོད་རང་གྲག་མེད་འགུལ་མེད་དུ་བསྡད་ན་ལེགས། དེ་མིན་ཁྱོད་རང་སྤྱི་ཚོགས་སྟེང་མངོན་འདོད་པ་དང་། སྤྱི་ཚོགས་སྟེང་གྲགས་འགུལ་བཟོ་འདོད་པ། སྤྱི་ཚོགས་སྟེང་བག་ཆགས་འཇོག་འདོད་པ་ཞིག་ཡིན་ན། ཁྱོད་ཀྱིས་གཞན་གྱི་བསྟོད་བཀུར་བསྔགས་གསུམ་ཏག་ཏག་ལ་རེ་སྟོང་རྒྱག་པ་དང་མགོ་བ ོ་འཁོར་ནས་སྡོད་ཐབས་མེད་པར། ཁྱོད་ཀྱིས་གཞན་གྱི་སྐྱོན་བརྗོད་དང་གླེང་འགེལ། མ་ཉེས་ཁ་གཡོག་སོགས་ཀྱང་འཁུར་ཐུབ་དགོས། ཁྱོད་ཀྱིས་རང་གི་བློ་རྒྱ་ཁབ་མིག་ཙམ་པོ་དེ་ནམ་མཁའ་ལྟ་བུར་ཡངས་ཤིང་རྒྱ་ཆེ་བ་ ཞིག་ཏུ་བསྐྱེད་དགོས། དེ་ལྟར་བྱེད་ཐུབ་ན། ད་གཟོད་ཁྱོད་ཀྱིས་མིའི་སྤྱི་ཚོགས་ནང་རང་ཚུགས་འཛིན་ཐུབ་ལ། ཁྱད་པར་དུ་བོད་པའི་སྤྱི་ཚོགས་ནང་མི་ཚེ་སྐྱེལ་ཐུབ། དེ་བཞིན་དུ་དྲ་ཚིགས་དག་གི་ནང་དུ་ཡང་རང་ཉིད་ལ་དབང་བའི་ཁྱིམ་གཞིས་ཆུང་ཆུང་ཞི ག་འཛུག་ཐུབ། * མཆན། མཆན། (1) * རྙིང་ཤོས་ནས་འགོ་ཚུགས། * གསར་ཤོས་ནས་འགོ་ཚུགས། * སྐུ་མགྲོན། - གངས་ གྲོགས་པོ་ལགས་སུ་ཞིག་གིས་རྩོམ་འདི་བྲིས་ན་ངའི་སྙིང་ཐག་པ་ནས་ཐུགས་རྗེ་ཆ ེ་ཞུ། ལོ་1 སྔོན་ལ། Stickies Lovies ཁྱེད་འདིར་མཆན་སྤེལ་བར་ཕེབས་པར་དགའ་བསུ་ཞུ། སྐུ་མགྲོན་གྱི་མིང་ཐོག་ནས་ཀློག་མཆན་འཇོག་པ། * མིང་། (ངེས་པར་དུ་དགོས།): ____________________ * གློག་འཕྲིན་ཨང་།: ____________________ __________________________________________________ __________________________________________________ __________________________________________________ __________________________________________________ __________________________________________________ __________________________________________________ __________________________________________________ __________________________________________________ __________________________________________________ __________________________________________________ 0 [BUTTON] ཡར་འཇུག་རོགས། You are here: Desktop Version | Top མཆོད་མེ་དྲ་བ། མཚོ་སྔོན་པོ་ཟིན་བྲིས། སེང་རྡོར་དྲ་བ། ཁ་བརྡ། བོད་ལྗོངས་ར ིག་གནས། ན་གཞོན་གསར་བ། སྐར་ཁུང་དྲ་ཚིགས། སྙན་ངག་གི་གྲོང་ཁྱེར། རྒྱལ་སྤྱིའི་བོད་ཀྱི་གསོ་རིག བོད་ཀྱི་ཟིན་བྲིས། པར་དབང་། © ༢༠༡༡ ནས་ ༢༠༡༤ བར་ཆང་ས་དྲ་བར་ཡོད་པས་ཆོག་མཆན་མེད་པར་བརྒྱུད་འགོད་རིགས་བྱེད་མི་ཆོག བོད་ཀྱི་དྲྭ་རྒྱ་ཇུས་འགོད་ཁང་གིས་བཟོ་སྐྲུན་བྱས། Web Toolbar by Wibiya