མི་གྲངས་ས་ཡ་1.5ལྷག་གི་ཚེ་སྲོག་ཤོར་ཡོད།

tuberculosis_bacteria

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་<<2014 ལོའི་རྒྱལ་སྤྱིའི་གློ་གཅོང་ནད་ཀྱི་སྙན་ཐོ་>>བཏོན་པ་ལྟར་ན། སྤྱི་ལོ་2013 ལོར་རྒྱལ་སྤྱིའི་ཁྱོན་དུ་གློ་གཅོང་ནད་གཞི་ཕོགས་པའི་མི་གྲངས་ས་ཡ་དགུ་བྱུང་ཡོད་པ་དང་། 2012 ལོ་དང་བསྡུར་ན་གློ་བའི་གཅོང་ནད་ཕོགས་པའི་ནད་པ་འབུམ་ལྔ་ཙམ་གྱིས་མང་དུ་སོང་ཡོད། ཡིན་ན་ཡང་། ཞིབ་འཇུག་སྙན་ཐོར་གསལ་བ་ལྟར་ན། གློ་བའི་གཅོང་ནད་ཀྱིས་འཆི་བའི་མི་འབོར་ལོ་རེ་བཞིན་ཇེ་ཉུང་གི་འགྲོ་བཞིན་ཡོད་ཟེར། 

སྙན་ཐོ་དེར་གསལ་བ་ལྟར་ན། སྤྱི་ལོ་2012 ལོར་གློ་གཅོང་ནད་ཀྱིས་མི་གྲངས་ས་ཡ་གཅིག་ཚེག་གསུམ་གྱི་ཚེ་སྲོག་འཕྲོག་ཡོད་པ་དང་། 2013 ལོར་མི་གྲངས་ས་ཡ་གཅིག་ཚེག་ལྔའི་ཚེ་སྲོག་འཕྲོག་ཡོད། དེའི་ཁྲོད་ཀྱི་མི་གྲངས་360000 ཙམ་ལ་གློ་གཅོང་དང་ཨེ་ཙི་ན་ཚ་གཉིས་ཀ་བྱུང་ཡོད། ད་ཆ་གློ་གཅོང་ནད་འབུ་ནི་ནད་རིགས་གཅིག་གིས་མིའི་ཚོ་སྲོག་འཕྲོག་མཁན་གྱི་གཤེད་མ་ཨང་གཉིས་པ་དེ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།

tuberculosis_bacteriaསྤྱི་ལོ་1990 ལོ་ནས་བཟུང་གློ་གཅོང་ནད་གཞི་ཕོག་ཚད་ལོ་རེ་ནས་བརྒྱ་ཆ་1.5% ཇེ་ཉུང་དུ་སོང་ཡོད་ཀྱང་། སྤྱི་ལོ་2013 ལོར་མི་གྲངས་ས་ཡ་གསུམ་ཙམ་ལ་གློ་གཅོང་ནད་གཞི་ཕོག་པ་མ་ཤེས་པར་ལྷག་ཡོད་པ་དང་། མི་མང་པོ་ཞིག་གིས་དུས་ལྟར་བརྟག་དཔྱད་དང་སྨན་བཅོས་མི་བྱེད་པ་དེ་ནི་ནད་གཞི་འདི་སྟངས་འཛིན་བྱེད་དཀའ་བའི་རྒྱུ་རྐྱེན་ནམ་དཀའ་ངལ་ཆེ་ཤོས་དེ་རེད་ཟེར།

སྙན་ཐོ་དེར་དམིགས་སུ་བཀར་ནས་བརྗོད་པ་ལྟར་ན། སྤྱི་ལོ་2013 ལོའི་གློ་གཅོང་ནད་བྱུང་ས་ཕལ་ཆེ་བ་ནི་ཨེ་ཤ་ཡའི་ལྷོ་ཤར་རྒྱལ་ཁབ་ཁག་དང་། ཞི་བདེ་རྒྱ་མཚོའི་ནུབ་ཁུལ་ཡིན།

དེའི་ནང་ནས་རྒྱ་གར་གྱིས་གློ་གཅོང་ནད་ཀྱི་དོན་རྐྱེན་སྤྱིའི་བརྒྱ་ཆ་24% ཟིན་ཡོད་ལ། ཀྲུང་གོས་གློ་གཅོང་ནད་ཀྱི་དོན་རྐྱེན་སྤྱིའི་བརྒྱ་ཆ་11% ཟིན་ཡོད།

གློ་བའི་གཅོང་ནད་བསྐྱེད་པའི་ནད་འབུ་ཡིས་གཉན་འཇོམས་སྨན་ནུས་འགོག་བཞིན་ཡོད། རྒྱལ་སྤྱིའི་ཁྱོན་ནས་ལོ་རེའི་ནང་གློ་གཅོང་ནད་འབུ་ཡིས་གཉནའཇོམས་སྨན་ནུས་འགོག་པའི་དོན་རྐྱེན་བྱུང་ཚད་བརྒྱ་ཆ་ལྔ་ཙམ་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་ལ། སྤྱི་ལོ་2013 ལོར་ཡང་གློ་གཅོང་ནད་འབུས་གཉན་འཇོམས་སྨན་ནུས་འགོག་པའི་དོན་རྐྱེན་གསར་པ་བྱུང་ཚད་བརྒྱ་ཆའི་3.5% བྱུང་ཡོད། དེ་ནི་གློ་གཅོང་ནད་པ་བརྒྱ་ཐམས་པའི་ནང་གི་ནད་པ་གསུམ་དང་ཕྱེད་ཀར་གཉན་འཇོམས་སྨན་གྱིས་ཕན་ཐོགས་ཀྱིན་མེད།

 

གནད་ཚིག (བོད།) གློ་གཅོང་ནད། ཊི་བྷི། (དབྱིན།)Tuberculosis (TB)  (རྒྱ)结核病(TB)

གཉན་འཇོམས་སྨན་དང་།

གཉན་འཇོམས་སྨན་ནུས་འགོག་ཚུལ་སྐོར་ལ་ཤེས་འདོད་ན་འདིར་སྣུན། 

བསམ་ཚུལ་སྤེལ།

གློག་འཕྲིན་ཁ་བྱང་མདུན་ངོས་སུ་མི་འཆར། དགོས་ངེས་ཅན་རིགས་ལ་རྟགས་ * འདི་བཀོད་ཡོད།

You may use these HTML tags and attributes: <a href="" title=""> <abbr title=""> <acronym title=""> <b> <blockquote cite=""> <cite> <code> <del datetime=""> <em> <i> <q cite=""> <strike> <strong>