ངེས་གཏན་མེད་པའི་མི་ཚེ་ཞེས་པའི་གློག་བརྙན་ཞིག་གསར་དུ་བཟོ་སྐྲུན་གནང་བ།
གློག་བརྙན་དེའི་དུམ་བུ་ཞིག་འདིར་ཆིག་རྡེབ་བྱས་ན་གཟིགས་ཐུབ།
འདིར་ཆིག་རྡེབ་ཀྱིས་གསན་རོགས་གནོངས།
ཁེ་ན་ཌའི་ནང་གཏན་སྡོད་བོད་མི་ན་གཞོན་གླུ་བ་ཨ་མཆོག་མགོན་པ་དོན་གྲུབ་ལགས་ཀྱིས་ཉེ་ཆར་༼ངེས་གཏན་མེད་པའི་མི་ཚེ་༽ཞེས་པའི་གློག་བརྙན་ཞིག་བཟོ་བསྐྲུན་གནང་ཡོད་པའི་ཐད་ཞིབ་ཏུ་རྟོགས་འདོད་ཡོད་ཚེ་གོང་གི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨམ་སྐད་ནང་རྡོ་རྗེ་མཚོས་བཅར་འདྲི་བྱས་པའི་ལེ་ཚན་ལ་གསན་རོགས་ཞུ།
བྱས་ཀྱང་འཛད་དུས་མེད་པའི་འཛིག་རྟེན་གྱི་བྱ་གཞག།
བྱས་བྱས་ལས་ཀྱི་མཐའ་ལ་ཡི་ཆད་ཀྱི་སྣོན་པ།།
བྱས་ནས་གྲུབ་པར་རློམས་པའི་བདེ་འབྱོར་ཀུན་བསགས་ཀྱང་།།
སྡུག་བསྔལ་ཕུང་བོ་འདི་ཡི་བཅུ་ཆ་ལས་མི་འདུག།
ཁྲམ་དང་གཡོ་སྒྱུའི་རྩེད་མོ་དགུ་སྒྲིག་ཏུ་བྱས་ཏེ།།
འབད་པ་བརྒྱ་ཡིས་སྒྲུབ་པའི་འཇིག་རྟེན་གྱི་མདུན་མས།།
ཡུན་རིང་བསྒྲུགས་པའི་མཐའ་ལ་སྟོང་བསླུས་སུ་བྱས་པས།།
ལོ་གསུམ་སྡུག་ལས་བྱས་པའི་ཨ་ཐང་ནི་ཆད་སོང་།།