The Tibet Express Blogs ཐུབ་བསྟན་བཀྲ་ཤིས། ༄༅། །སྟོང་འདང་ལ་བཅོལ་བའི་མི་ཚེ། །

The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search

༄༅། །སྟོང་འདང་ལ་བཅོལ་བའི་མི་ཚེ། །

E-mail Print PDF
There are no translations available.

༄༅། །སྟོང་འདང་ལ་བཅོལ་བའི་མི་ཚེ།  

 

སྟོང་བསམ་སྟོང་གི་གོ་རིམ་བསྒྲིག་ཏེ། །

ཕམ་ཁ་གྲངས་མེད་བག་མར་བསུས་ནས། །

ཨུ་ཚུགས་སྟོང་ལ་རམ་འདེགས་བྱས་ཏེ། །
ཕུག་མདུན་དཀར་པོ་རླུང་ལ་སྤུར་སོང་། །

 

 

སྤྱི་ཚོགས་གསར་བའི་གྲུ་ཁ་ཞིག་ན། །

དྲན་བདེན་སྟོང་གི་ལམ་ཁ་བོར་ནས། །

བསླུ་བྲིད་ཚིག་ལ་ཞེ་བློ་འཁོར་ཏེ། །

རྙེད་ཚད་གོ་སྐབས་འཕྲོ་བརླགས་བཏང་སོང༌། །

 

སྣ་ཚོགས་ཚོན་རྩིས་ཁ་དོག་བསྒྱུར་ནས། །
མི་ཚེའི་མདུན་ལམ་དངུལ་ལ་བཅོལ་ཏེ། །

གཅེས་པའི་རང་ལུས་འདོམ་གང་འདི་ལ། །

བདག་པོ་རྒྱག་པའི་འཇོན་ཐང་བྲལ་སོང༌། །

 

 

གཡོ་ཟོལ་སྟོང་གི་ཧྲག་བར་ཞིག་ན། །

སྟོང་ལ་རེ་བའི་མཚོན་མའི་མིག་ཟུང༌། །

བརྩེ་བ་ཤི་བོ་ཞིག་ལ་གཏད་ནས། །

ཡོད་ཚད་རེ་བ་སྟོང་བར་ཆགས་སོང༌། །

 

 

མེས་པོའི་གོམ་གཤིས་རྒྱང་ལ་སྤྲད་དེ། །

སྣ་དང་རྣ་བར་བུ་ཀའི་བཀང་ནས། །
གཞན་རྗེས་འབྲང་བའི་ཅོལ་ཆུང་བུ་མོའི། །

མི་ཚེ་གཅིག་གི་འདུན་མ་བོར་སོང༌། །

 

 

ཁོར་ཡུག་ཞིག་གི་དབང་བསྒྱུར་འོག་ནས། །

ཞེད་སྣང་ཁྲི་ཕྲག་གྲོགས་སུ་བསྐྲུན་མཐར། །

ཁེར་རྐྱང་ལྟོ་བ་འབུར་དུ་ཐོན་པའི། །

བོད་པའི་བུ་མོ་སྙིང་ལ་རྗེའོ། །

 

 

ཟུར་ཟའི་ཚིག་གི་སྨོད་པ་མ་ཡིན། །
གཞན་རྗེས་མ་ཟིན་བོད་པའི་བུ་མོའི། །
རང་ཚུགས་ཤོར་བའི་ལད་མོ་མཐོང་དུས། །

སྐྱོ་བའི་མིག་ཆུ་སྨྱུག་རྩེར་བཞུར་སོང༌། །

 

 

རིགས་ཞེན་དཀར་པོ་སེམས་ན་ལྕི་ཕྱིར། །

ཕན་ལ་རེ་བའི་ཁོ་བོས་སེམས་གཏམ། །

གང་ཤར་མ་བཅོས་ལྷུག་པོར་བྲིས་འདིའི། །

ཕན་པའི་འབྲས་བཟང་མྱུར་དུ་སྨིན་ཤོག །

 

 

༢༠༠༨་༣་༢༠ ཉིན་བོད་དུང་བས་བྲིས། །