བགྲེས་སོང་ཕུར་བུ་ཚེ་རིང་གི་མི་ཚེའི་ལམ་བུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2014-07-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་ཤར་ཕྱོགས་གྲོང་ཚོའི་བགྲེས་སོང་ཕུར་བུ་ཚེ་རིང་གིས་དུས་རབས་གོང་མའི་ལོ་རབས་དྲུག་བཅུ་པའི་ཚུན་དུ་ཡུལ་དམག་གི་བརྒྱ་དཔོན་ལོ་བཅུ་ཕྲག་ཁ་ཤས་གནང་མྱོང་ཡོད་པ་དང་།  ཤར་ཕྱོགས་གྲོང་ཚོའི་རྒྱུད་དུ་བགྲེས་སོང་གི་མཚན་ངོ་མ་གཏིང་བརྗེད་དུ་སོང་ནས་ཚང་མས་ཁོང་ལ་བརྒྱ་དཔོན་ལགས་ཞེས་འབོད་ཀྱི་ཡོད་པ་རེད།
བགྲེས་སོང་ཕུར་བུ་ཚེ་རིང་ད་ལོ་དགུང་ལོ ༧༩ ལ་ཕེབས་ཀྱི་ཡོད་པ་དང་།  སྤྱི་ཚོགས་གསར་པའི་ནང་ཁོང་ལ་བརྒྱ་དཔོན་ལགས་ཞེས་པའི་མཚན་དེ་འབོད་ནས་མི་ལོ་ཕྱེད་ཀ་ལྷག་ཙམ་འགྲོ་གི་ཡོད་པ་རེད།  འོན་ཀྱང་ཁོང་གི་བྱིས་པའི་དཀའ་སྡུག་གི་འཚོ་བ་དེ་ཡང་བརྗེད་ཐབས་བྲལ་བ་ཞིག་རེད།
བགྲེས་སོང་ཁོང་གི་འཚོ་བ་སྐྱེལ་སའི་ཤར་ཕྱོགས་གྲོང་ཚོའི་རྒྱུད་ཀྱི་ས་ཆ་མང་ཆེ་བ་ནི།  ཞི་བས་བཅིངས་འགྲོལ་མ་བཏང་གོང་དཔལ་འཁོར་ཆོས་སྡེའི་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད། བགྲེས་སོང་ཁོང་གི་ཁྱིམ་ཚང་ནི་དུད་ཆུང་ཡིན་པས་དགོན་སྡེའི་ས་ཞིང་མུའུ་ལྔའི་འདེབས་ལས་བྱེད་ཀྱི་ཡོད་པ་རེད།  

ཁོང་དང་ཕ་མ་སྤུན་མཆེད་ཚོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཞིང་ནང་དུ་ལས་ལ་བྲེལ་བ་དང་།  ཉིན་ལྟར་ངལ་རྩོལ་ལྕི་པོ་ཤ་སྟག་བྱེད་དགོས་ཀྱང་ཟས་ཀྱིས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་དྲོད་ཀྱི་མེད་པ་རེད།
བགྲེས་སོང་ཁོང་ལོ་བཅུ་བཞིར་སླེབས་དུས་དམངས་གཙོའི་བཅོས་བསྒྱུར་བཏང་བ་དང་།  དེ་ནས་བཟུང་ཁོང་གི་འཚོ་བར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་རེད།
ཁོང་གྲོང་ཚོའི་ཙུའུ་ཀྲང་གནང་མྱོང་ཡོད་ལ་ཤང་ཀྲང་གཞོན་པ་དང་ཤང་ཀྲང་ཡང་གནང་མྱོང་ཡོད་པ་རེད།  སྤྱི་ལོ ༡༩༦༦ ལོ་ནས ༢༠༠༢ ལོ་བར་ཤར་ཕྱོགས་གྲོང་ཚོའི་ཡུལ་དམག་གི་བརྒྱ་དཔོན་ལོ ༣༦ གནང་བ་དང་དེ་ནི་ཁོང་གིས་གནང་བའི་བྱ་གཞག་གལ་ཆེ་ཤོས་ཤིག་རེད།
བགྲེས་སོང་ཁོང་གི་དམག་མིའི་བརྩེ་སེམས་དེ་རིགས་ཀྱིས་རྐྱེན་པས།  ཁོང་གི་བུ་གཞོན་པ་བུ་ཆུང་ཡང་སྤྱི་ཚོགས་གསར་པའི་ནང་དམག་མིར་གྱུར་བ་རེད།  ད་ལྟ་བགྲེས་སོང་ཁོང་རྒན་ཡོལ་ཞུས་ཟིན་ནས་གཞིས་རྩེ་གྲོང་ཁྱེར་དུ་ཁྱིམ་གཞིས་བཙུགས་ཏེ་ཚེ་མཇུག་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པ་རེད། །

  ༼  རྩོམ་སྒྲིག་རྣམ་སྲས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]