གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ནས་ སོན་ གྱི་ ཞིབ་ འཇུག་ ལ་ གཞོལ་ བའི་ ཉི་ མ་ བཀྲ་ ཤིས་ ཀྱི་ མི་ ཚེ།
2014-02-19       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    “ང་ལ་ཚོགས་པས་རྒྱབ་སྐྱོར་དང་།  ཚོགས་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད།  སྒེར་ལ་འཇོན་ཐང་ག་ཚོད་ཆེ་ཡང་མཉམ་སྡེབ་ཀྱི་འདེཌ་སྐྱོར་ཡོད་དགོས།  ཚེ་མ་རྫོགས་བར་ཚན་རིག་ཞིབ་འཇུག་ལ་མཚམས་འཇོག་མི་བྱེད།  སྙིང་སྟོབས་ལྡན་ཚེ་ཕུགས་བསམ་གྱི་རྒྱུན་མུ་མཐུད་སྲིང་དགོས”

    ལྷ་སའི་ཁྲོམ་གཞུང་དང་སྲང་ལམ་དུ་བསྐྱོད་ཚེ། མི་རྣམས་ཀྱིས་ཞིམ་མངར་གྱི་རྩམ་པ་དང་བྲོ་བ་ཞིམ་པའི་ཆང་ལོངས་སུ་སྤྱད་ནས་ཚེ་སྲོག་གི་རྒྱུན་སྲིང་བར་བྱེད། ཉི་མ་བཀྲ་ཤིས་ཀྱི་འཁྲིས་སུ་བཅར་ནས་ནས་སོན་གྱི་ཚན་རིག་ཞིབ་འཇུག་ལ་འབད་པའི་དཀའ་ཚེགས་ཀྱི་ལོ་རྒྱུས་ཉན་པས་ཀྱང་། མི་རྣམས་ལ་ཟད་མཐའ་མེད་པའི་སྙིང་སྟོབས་ཀྱི་སྟོབས་ཤུགས་ཤིག་སྦྱིན་པར་བྱེད།

    རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཞིབ་འཇུག་པ་འབུམ་རམས་པ་ཉི་མ་བཀྲ་ཤིས་ཀྱིས་ནས་སོན་སྣ་ཚོགས་སྐྱེད་སྲིང་བྱས་ཡོད་ལ། ནས་ཀྱི་གཞི་རྐྱེན་གསང་རྟགས་གོ་རིམ་བསྒྲིགས་ནས། ནས་ཉིད་ཁོང་གི་མི་ཚེའི་གར་སྟེགས་སུ་གྱུར་ལ།ནས་ལ་ཞིབ་འཇུག་བྱ་རྒྱུ་དེ་ཁོང་གི་ཕུགས་འདུན་ཞིག་ཏུ་ཡང་གྱུར།

    འདི་ནི་ཉི་མ་བཀྲ་ཤིསགཡོནཔ་སྣམ་རྫོང་དུ་བསྐྱོད་དེ་ཡུལ་དེ་གའི་འདེབས་འཛུགས་དུད་ཚང་དང་མཉམ་དུ“བོད་ནས་ཨང་2000པ”འདེབས་འཛུགས་བྱེད་པའི་ཉམས་མྱོང་སྤེལ་རེས་བྱེད་པའི་གནས་ཚུལ་ཡིན་པ།

    ལོ་བཅུ་དགུའི་ནང“ནས་ནག”གི་སོན་གསར་པ་སྐྱེད་སྲིང་བྱས་པ།    

    ཉི་མ་བཀྲ་ཤིས་དང་ནས་གསོ་འདེབས་ཚོགས་པས་ལོ་19འབད་འཐབ་བྱས་མཐར“ནས་ནག”གི་སོན་གསར་པ་ཞིབ་འཇུག་ཐུབ་ཅིང་། “ནས་ནག”གི་སོན་གསར་པ་དེ་2013ལོའི་ཟླ་2ཚེས་4ཉིན་ཞིབ་གཏན་འཁེལ་བ་དང་། 2013ལོར་མུའུ་ཁྲི་10.6ཚོད་འདེབས་བྱེད་འགོ་ཚུགས་ཏེ་མུའུ་རེ་ནས་ཐོན་འབབ་སྤྱི་རྒྱ་26.5བྱུང་ནས་ནས་འདེབས་འཛུགས་དུད་ཚང་ལ་ཐོན་འཕར་འབབ་འཕར་ཡོང་བའི་རེ་བ་བྱིན།

    ལོ་བཅུ་དགུའི་རིང་ཚོད་ལྟའི་དཔེ་སྟོན་རྟེན་གཞིས་འདེབས་འཛུགས་བྱེད་རྒྱ་ཆེ་རུ་བཏང་བ་དང་། ལས་རིགས་གཅིག་པའི་གྲོགས་པོ་ཡང་མང་པོ་ཞིག་བསྒྲིགས་པ། ཕམ་ཉེས་ཀྱི་དྲོ་བ་མི་ཉུང་བ་མྱངས་པ་མ་ཟད། ཚན་ཞིབ་ལ་གྲུབ་འབྲས་ཐོབ་པའི་དགའ་ཚོར་དང་ལྷག་པར་དུ་ནང་མིའི་རྒྱབ་སྐྱོར་ཐོབ་སྐབས། ཁོང་གི་སེམས་ལ་བརྗོད་མི་ཤེས་པའི་དགའ་ཚོར་ཡང་སྐྱེ་མྱོང་། ཉི་མ་བཀྲ་ཤིས་ཀྱིས“ངའི་བཟའ་ཟླས་ང་གཞུང་ལས་ཁང་དང་། ཚོད་ལྟའི་ཞིང་ཁ། ཚོད་ལྟ་ཁང་བཅས་སུ་ལས་དུས་འཕར་མ་བྱས་ཀྱང་འཁང་ར་ཚིག་གཅིག་བྱེད་མྱོང་མེད། ནང་མི་མཉམ་འཛོམས་ཡང་ཧ་ཅང་ཉུང་ཉུང་ཡིན་ལ། སྐབས་འགར་ནང་མི་དང་མཉམ་དུ་ཁྲོམ་སྐོར་སྐབས་བུས་ཆོབ་དང་བཅས་ནང་མི་མཉམ་དུ་པར་ཞིག་བརྒྱབ་ན་ཡག་པོ་འདུག་ཅེས་ཤོད་པ་དང་། བཟའ་ཟླས་ཀྱང་དེ་རིང་ནི་ཉིན་མ་སྐྱིད་ཤོས་ཤིག་ཡིན་ཞེས་ཤོད་པ་ཐོས་སྐབས། ང་ལ་གནོང་འགྱོད་ཆེན་པོ་སྐྱེ་ཡི་འདུག”ཅེས་བཤད།

    “རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་། ཞིང་འབྲོག་ཚན་རིག་ཁང་ཏང་ཨུད་ཀྱི་ཐུགས་ཁུར། ཚོགས་པའི་རོགས་རམ་བཅས་མེད་ཚེ། ནས་སོན་གསར་པ་ཞིབ་འཇུག་བྱེད་མི་ཐུབ། གྲོགས་པོས་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་སྐབས། ངའི་མི་ཚེ་འདི་རིན་ཐང་ལྡན་པ་ཞིག་ཏུ་གྱུར་ལ། གང་དུ་ཕྱིན་ནའང་སྟོབས་ཤུགས་ཤིག་གིས་ང་ལ་སྐུལ་ལྕག་བྱེད་པ་དང་གཉིས་སུ་མ་མཆིས”ཞེས་ཉི་མ་བཀྲ་ཤིས་ཀྱིས་ནན་ཏན་ངང་བཤད།

    “སྔོན་ལ་ནས་སོན་གྱི་དཔེ་བསམ་ཚོད་ཐུབ་པ་བྱ་རྒྱུ་དེ་ནི་གསོ་འདེབས་ལ་གྲུབ་འབྲས་འཐོབ་མིན་གྱི་འགག་རྩ་དེ་རེད། གསོ་འདེབས་ལ་ཚོད་ལྟ་ཡང་ཡང་བྱེད་དགོས་པ་མ་ཟད། ཞིབ་འཇུག་ཞིབ་ཚགས་ཀྱང་བྱེད་དགོས། སྙེ་མའི་ཡུ་བ་རིང་བ་དང་། ལྡེམ་ཤུགས་ཆེ་བ། སྙེ་རྡོག་ཆེ་བ་བཅས་དང་ཆུ་བརྒྱབ་རྗེས་སྙེ་རྡོག་སེར་སྐྱ་དང་རྡོག་ཆེ་ན་འབྲུ་རིགས་དང་སོ་མ་གཉིས་ཀར་ལོ་ལེགས་ཡོང་བ་དེ་ནི་ང་ཚོས་བསམ་ཚོད་བྱས་པའི་ནས་ཀྱི་སོན་རིགས་ཡག་པོ་ཞིག་ཡིན་ཞིང་། དེ་ནི་ནས་ནག་རེད་ཅེས་བཤད།

    ནས་གསོ་འདེབས་ལས་དོན་སྒྲུབ་པར་མ་དངུལ་ཕོན་ཆེན་གཏོང་དགོས་པས་དེ་ནི་བསམ་བློའི་ངལ་རྩོལ་ཞིག་ཡིན་ལ་ལུས་པོའི་ངལ་རྩོལ་ཞིག་ཀྱང་ཡིན་པ་མ་ཟད། ཚོགས་པས་མཉམ་སྒྲུབ་བྱེད་དགོས་པས་ཐམས་ཅད་མ་དངུལ་གྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཉི་མ་བཀྲ་ཤིས་ཀྱིས“ཕམ་ཉེས་ལ་མི་བལྟོས་པ་དང་། རྒྱབ་སྐྱོར་བརྟན་པོ། མུ་མཐུད་འགག་སྒྲོལ་བཅས་ནི་ཚན་རྩལ་ལ་གྲུབ་འབྲས་འཐོབ་པའི་འགག་རྩ་རེད། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ང་སོན་གསོའི་ཚན་རིག་མཁས་ཅན་དུ་གཏན་འཁེལ་བྱས་པ་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ནས་ཀྱི་གཞི་རྒྱུའི་ཚད་ལེན་གོ་རིམ་དང་ནུས་པའི་གཞི་རྒྱུའི་གསར་སྤེལ་ལ་ཆེད་དངུལ་བཏང་ནས་རྒྱབ་སྐྱོར་བྱས་པ་དེ་དག་གིས་ད་ཆ་རྒྱལ་ཁབ་ཀྱིས་ཞིང་ལས་ཚན་ཞིབ་དང་ལྷག་པར་དུ་ནས་ཀྱི་ཚན་རྩལ་གསར་གཏོད་ལ་མཐོང་ཆེན་བྱེད་པ་མཚོན་པ་མ་ཟད། མི་རིགས་མཐའ་མཚམས་ས་ཁུལ་ལ་དེ་བས་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་ཡང་མཚོན་གྱི་ཡོད”ཅེས་བཤད།

    ཉི་མ་བཀྲ་ཤིས་ཀྱིས“རྒྱལ་ཁབ་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་ཡོད་པས་ང་ཚོས་བློ་གཅིག་སེམས་གཅིག་ངང་ཚན་རིག་ཞིབ་འཇུག་བྱ་རྒྱུ་ལས།སེམས་ཁྲལ་གང་ཡང་མེད། ང་ལ་ཚོགས་པས་རྒྱབ་སྐྱོར་དང་། ཚོགས་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད། སྒེར་ལ་འཇོན་ཐང་ག་ཚོད་ཆེ་ཡང་མཉམ་སྡེབ་ཀྱི་འདེགས་སྐྱོར་ཡོད་དགོས། ང་ཚོས་ཁྲལ་འཇལ་མཁན་གྱི་དངུལ་སྤྱད་ཅིང་། ཕྲག་ཐོག་ཏུའང་མི་མང་པོའི་ཕུགས་འདུན་འཁུར་ཡོད་པས་ལྷོད་གཡེང་གཏན་ནས་བྱ་མི་རུང་། ཚེ་མ་རྫོགས་བར་ཚན་རིག་ཞིབ་འཇུག་ལ་མཚམས་འཇོག་མི་བྱེད། སྙིང་སྟོབས་ལྡན་ཚེ་ཕུགས་བསམ་གྱི་རྒྱུན་མུ་མཐུད་སྲིང་དགོས”ཞེས་བཤད།

    ལོ་46ནང་མི་སེར་གྱིས་བསྔགས་བརྗོད་བྱེད་པའི་ཕུལ་བྱུང་སོན་བཟང་འདེམས་གསོ་བྱེད་པའི་ཕུགས་འདུན་གཅིག་དོན་གཉེར་བྱས་པ།

    “ངས་ཆུང་དུས་ཨ་མར་པཱ་ལགས་དང་གཅེན་པོས་རྫ་ཁྱེར་ནས་གང་སར་སོན་བརྗེ་བར་འགྲོ་མི་དགོས་ཤིང་། ནས་ཀྱི་སྐྱེས་ཚུལ་ལེགས་པ་དང་ཐོན་འབབ་མཐོ་བའི་ཐོག་འབྲུ་རིགས་དང་སོ་མ་གཉིས་ཀ་ཡག་པོ་སྐྱེས་ན་བསམ་གྱི་འདུག་ཅེས་ཤོད་མྱོང་ཡོད”ཉི་མ་བཀྲ་ཤིས་ཀྱི་བསམ་འདུན་ཆུང་ངུ་དེ་ཕུགས་འདུན་དུ་འགྱུར་ཆེད་འབད་པའི་ངར་ཤུགས་ཤིག་སྐྱེས།

    རྒྱལ་ཁབ་ཀྱིས་བོད་ལ་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་ཅིང་། རྒྱལ་ཁབ་ཀྱིས་བོད་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་གོ་སྐབས་དང་བསྟུན་ནས་བསམ་འདུན་རིམ་གྱིས་འགྲུབ་ཅིང་། 1982ལོར་ཉི་མ་བཀྲ་ཤིས་ནུབ་བྱང་ཞིང་ལས་སློབ་ཆེན་ཞིང་ལས་ཚན་ཁག་གི་སློབ་གྲྭ་ཆེ་མོ་བར་གྱུར་པ་དང་། 1985ལོར་སློབ་ཆེན་ཐོན་རྗེས་པེ་ཅིང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིབ་འཇུག་སློབ་གླིང་དུ་ཟབ་སྦྱོང་བྱས་ནས་ལོ་གཅིག་བསྡད། 1992ལོའི་ཟླ་7པར་ཕུལ་བྱུང་སྦྱངས་འབྲས་ཐོག་ནས་ཁ་ན་ཏའི་ཧྲ་སི་ཁེ་ཁྲུན་ཨན་སློབ་ཆེན་དུ་ལོ་གཅིག་ཟབ་སྦྱོང་བྱེད་པའི་གོ་སྐབས་ཐོབ། 1995ལོར་ཁོང་སླར་ཡང་ཀྲུང་གོ་ཚན་རིག་ཁང་གི་ཞིབ་འཇུག་སློབ་མར་ཡིག་རྒྱུགས་ལོན། 1999ལོར་ཁོང་ལ་འབུམ་རམས་པའི་མཚན་གནས་ཐོབ། རང་ཉིད་ཀྱིས་གདམ་ག་བྱས་པའི་མི་ཚེའི་ལམ་བུར་ཉི་མ་བཀྲ་ཤིས་ཀྱིས་བློ་ཡིད་ཚིམ་པོ་བྱེད་ཅིང་། ཁོང་གིས“རྒྱལ་ཁབ་ཀྱི་རོགས་སྐྱོར་ལ་བརྟེན་ནས་རང་ཉིད་ཀྱི་ཕུགས་འདུན་འགྲུབ་རྒྱུར་རྨང་གཞི་གཏིང་བ་དང་། ངའི་ཕུགས་འདུན་ནི་ངའི་ནང་མིའི་ཕུགས་འདུན་ཡིན་ལ་ང་ཚོ་བོད་ཀྱི་ཕུགས་འདུན་ཡིན”ཞེས་བརྗོད།

    1989ལོ་ནས་བཟུང་ཉི་མ་བཀྲ་ཤིས་ཀྱིས་ནས་སོགས་ཞིང་ལས་ཀྱི་འབྲེལ་ཡོད་ཞིབ་འཇུག་ལས་དོན་ལ་སེམས་ནུས་ཤུགས་ཆེན་བཏོན།

    ལོ་24ཙམ་རིང་ཉི་མ་བཀྲ་ཤིས་ཀྱིས་ཚན་རིག་ཞིབ་འཇུག་ལས་ལ་རྩེ་གཅིག་ཏུ་གཞོལ་ཏེ། ཁོང་ལ་རེས་གཟའ་སྤེན་པ་དང་ཉི་མའི་ངལ་གསོའི་དུས་ཚོད་མེད་ལ་འཁོར་ཞག་ཟེར་བ་དེ་བས་མེད། ཉི་མ་བཀྲ་ཤིས་ཀྱིས“རང་གི་མི་ཚེའི་རིན་བྲལ་དུས་ཚོད་འཕྲོ་བརླག་གཏོང་མི་རུང་། མི་ཚེར་མཚམས་ཡོད་རུང་སློབ་སྦྱོང་བྱེད་པར་རྫོགས་མཐའ་མེད། མིའི་ཚེ་སྲོག་ལ་ཚད་ཡོད་རུང་ལེགས་སྐྱེས་འབུལ་བར་མུ་མཐའ་མེད། ཚན་རྩལ་ལ་བརྟེན་ནས་མི་གྲངས་ལས་འདས་པ་ཞིག་ལ་བདེ་སྐྱིད་འཐོབ་པ་བྱ་རྒྱུ་དེ་ནི་ཚན་རྩལ་ལས་དོན་མི་སྣ་ཡོངས་ཀྱི་བསམ་འདུན་དང་ཕུགས་འདུན་ཞིག་རེད”ཅེས་བརྗོད།

    ཉི་མ་བཀྲ་ཤིས་ནི་གངས་ལྗོངས་ས་མཐོའི་ནས་ཚོད་འདེབས་རིགས་གཅིག་མཁས་ཅན་ཞིག་ཡིན་ལ། སྐྱེ་བོ་མང་པོ་ཞིག་གིས་བརྩེ་བ་ཆེན་པོས་ཁོང་ལ“ནས་ཚོད་འདེབས་མཁས་ཅན”ཞེས་འབོད་ཀྱི་ཡོད། ལོ་ངོ་ཉི་ཤུ་ལྷག་ཙམ་གོང་ནས་βརྒུན་འབྲུམ་མངར་ཆ་འདུས་པའི་ནས་གསར་སྤེལ་བྱས་པ་ནས་བཟུང་། ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ནས་ཁྱབ་གདལ་གཙོ་བོར་གཏོང་བའི་སོན་གསར་སྤེལ་བྱས། ཁ་བ་བུ་ཡུག་དང་གྲང་ངར་ལས་རྒྱལ་བའི་གངས་ལྗོངས་ས་མཐོར་རབ་ཏུ་བཞད་པའི་གངས་ལྷ་མེ་ཏོག་བཞིན་ཁོང་གིས་ནས་འདེབས་འཛུགས་ཀྱི་བྱ་གཞག་ལ་དགའ་ཞེན་དང་ནས་ཚོད་འདེབས་བྱ་རྒྱུ་ནི་ཁོང་གི་མི་ཚེ་གང་པོའི་བྱ་བ་གལ་ཆེན་ཞིག་ཡིན་ཞིང་། ཁོང་གིས“མི་སྒེར་གྱི་གཟི་བརྗིད་མཚན་སྙན་དང་། རྒྱུ་ནོར། དབང་གྲགས་ཚང་མ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལ་བསྡུར་མི་ཐུབ་པས། ངས་རང་ཉིད་ཀྱི་ཕུགས་འདུན་ཆེད་མུ་མཐུད་འབད་བརྩོན་བྱས་ནས་རྒྱུན་ཆད་མེད་པར་ཞིང་པ་ཚོས་དགའ་པོ་བྱེད་པའི་ནས་སོན་འདེམས་གསོ་བྱེད་པ་དང་ཚོགས་པའི་སྣེ་ཁྲིད་དེ་ནས་སོན་གསར་པ་འཚོལ་ཞིབ་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན”ཞེས་བརྗོད།

    ཕུགས་འདུན་མངོན་འགྱུར་བྱུང་ནས་མུ་མཐུད་ཞིབ་འཇུག་ལ་རྒྱུན་འཁྱོངས་བྱས་པ།

    རྒྱལ་ཁབ་ཕྱི་ནང་གི་ཚན་ཞིབ་སྒྲིག་གཞིས་གླ་ཕོགས་མཐོ་པོས་ཉི་མ་བཀྲ་ཤིས་གདན་ཞུ་ཐེངས་མང་བྱས་ཀྱང་། ཁོང་གིས་ཁས་མ་བླངས་པར་བོད་དུ་ལོག་ཅིང་མེས་རྒྱལ་ལ་བཀའ་དྲིན་འཇལ་ཏེ་དཀའ་ཚེགས་ཆེ་བའི་ས་མཐོའི་ཞིང་ལས་དང་ནས་ཞིབ་འཇུག་གི་ལས་ལ་གཞོལ་བ་མ་ཟད། ན་གཞོན་ཞིབ་འཇུག་པ་གསོ་སྐྱོང་བྱས།

    མི་ཞིག་གི་སྟོབས་ཤུགས་ནི་ལུས་པོའི་སྟོབས་ཤུགས་ཁོ་ན་ཙམ་མིན་པར་བློ་རིག་གི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ལྡན་ཡོད། དཀའ་སྤྱད་བརྩོན་ཞིབ་དང་དཀའ་གནད་འགག་སྒྲོལ་བྱེད་པའི་ཉི་མ་བཀྲ་ཤིས་ཀྱི་སྙིང་སྟོབས་དེ་ཁོང་ཚོའི་ཞིབ་འཇུག་ཚོགས་པའི་སྟོབས་ཤུགས་སུ་གྱུར། ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཡུས་ཏའེ་ལིན་གྱིས“ང་ཚོར་འགོ་ཁྲིད་བཟང་པོ་ཉི་མ་བཀྲ་ཤིས་ལྟ་བུ་ཡོད་པས་ང་ཚོ་ཚང་མ་སྙིང་སྟོབས་རབ་འཕེལ་དང་སེམས་ཤུགས་ཀྱིས་ཁེངས་ནས་ཡོད། ཁོང་གི་བློ་སྟོབས་ལ་ང་ཚོའི་ཚོགས་པའི་ཐུན་མོང་གི་ཕུགས་འདུན་འདུས་ཡོད་ལ། ང་ཚོ་མཉམ་དུ་ཚན་ཞིབ་ལས་ལ་གཞོལ་དོན་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་བརྗོད།

    ཉི་མ་བཀྲ་ཤིས་ཀྱིས་ངའི་ཉེ་འགྲམ་དུ་ཞིབ་འཇུག་བྱེད་མཁན་དགེ་ཕྲུག་ཡག་པོ་ཁག་གཅིག་ཡོད་པས། ད་ཆའི་ལས་འགན་གཙོ་བོ་ནི་ཚན་ཞིབ་བྱེད་ཞོར་དུ་རྒྱུན་འཛིན་པ་གསོ་སྐྱོང་བྱས་ཏེ་ནས་ཞིབ་འཇུག་གི་རྒྱུན་འཛིན་པ་ཡོད་པ་དང་འཇོན་ཐང་ཆེ་བའི་ཞིབ་འཇུག་ཚོགས་པ་ཞིག་གཏོད་རྒྱུ་དེ་རེད། ནས་ཀྱི་ཐོན་ཁུངས་ལ་གདེང་འཇོག་དང་། གཞི་རྟེན་གྱི་ལག་རྩལ་ལ་ཞིབ་འཇུགསོན་གསར་འདེམས་གསོ། ཐོན་མཐོའི་འདེབས་གསོའི་ལག་རྩལ་མཉམ་འདུས། ནས་ལས་སྣོན་ཞིབ་ཚགས་བཅས་གསར་གཏོད་ཚོགས་པ་ལྔའི་སྟོབས་ཤུགས་དང་ནས་ཀྱི་ཐོན་ལས་འབྲེལ་ཐག་ཟུང་འབྲེལ་བྱས་ཏེ་ནས་འདེབས་གསོའི་ཞིབ་འཇུག་ལས་དོན་དེ་ནས་ཀྱི་འཕྲོད་སྦྱོར་དང་ནས་ཀྱི་ཐོན་ལས་ཅན་གོང་འཕེལ་གཏོང་བའི་རྒྱུན་མཐུད་པ་བྱ་རྒྱུ་ཡིན་ཞེས་བརྗོད།

    ཉི་མ་བཀྲ་ཤིས་ཀྱིས“ཕུགས་འདུན་མངོན་འགྱུར་ཐུབ་བཞིན་ཡོད་ལ་ཕུགས་འདུན་རྒྱུན་མཐུད་བྱེད་བཞིན་ཡོད”ཅེས་བརྗོད་ཅིང་། ཁོང་གིས་ནས་ནི་བོད་ཀྱི་མི་རིགས་ཁག་གི་གཅེས་ནོར་ལྟ་བུ་ཞིག་ཡིན་པས། ང་ཚོས་མུ་མཐུད་ནས་ཀྱི་ཞིབ་འཇུག་ལ་གཞོལ་ནས་ནས་ཀྱི་སོན་བཟང་འདེབས་གསོ་ཡག་པོ་བྱེད་པ་དང་ཞིང་ཁར་ཐོན་འཕར་ཡོང་བ་བྱས་ཏེ་ཞིང་པར་ཐོན་འཕར་འབབ་འཕར་དང་བདེ་སྐྱིད་ཡོང་བ་བྱ་རྒྱུ་དང་། ནས་ཀྱི་ཐོན་ལས་ཅན་དང་སྤུས་རྟགས་ཅན་ཁྲོམ་རར་ཕྱོགས་པ་དང་ཕྱི་རྒྱལ་དུ་བསྐྱོད་ཐུབ་པ་བྱས་ཏེ་ལོ་ངོ་སྟོང་ཕྲག་རིང་ནས་འདེབས་འཛུགས་བྱེད་མཁན་བོད་ཀྱི་ཞིང་པར་ཕན་བདེ་བསྐྲུན་རྒྱུ། ནས་ཀྱི་ནུས་ལྡན་གྲུབ་ཆ་བསྡུ་ལེན་དང་འཕྲོད་སྦྱོར་གྱི་ནུས་པ་སྔོག་འདོན་བྱས་ཏེ་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད།

    ཕུགས་འདུན་མཉམ་དུ་སྦྲེལ་བ་དང་གཅིག་སེམས་གཅིག་སྦྲེལ་ཐུབ་ཅིང་།ཉི་མ་བཀྲ་ཤིས་དང་ཁོང་གི་ཚོགས་པའི་ཕུགས་འདུན་མུ་མཐུད་འགྲུབ་བཞིན་མཆིས།

མཛའ་འབྲེལ་དྲ་བ།
010020070840000000000000011100001331266331