མི་ཚེ་རིན་ཐང་ཟེར་བ་ག་བར་འདུག་གམ།
མི་ཚེ་རིན་ཐང་ཟེར་བ་ག་བར་འདུག་གམ།
གཅིག ཕ་མས་གནང་བའི་རིན་ཐང་ག་བར་ཡོད་དམ།
ནམ་རྒྱུན་མི་རྣམས་ཀྱིས་ཕ་མ་བཀའ་དྲིན་ཆེན་པོ་ཡིན་ཚུལ་གྱི་སྐད་དེ་ཁྱེར་ནས་འོང་དུས། ཕ་མ་གཉིས་ཀྱིས་ལུས་རྟེན་གནང་བ་བཀའ་དྲིན་གྱི་གཙོ་སྙིང་དུ་
གླེང་ནས་བརྗོད་ཀྱི་ཡོད་རུང་། མི་ཚེ་རིན་ཐང་འཚོལ་སྙེགས་བྱེད་མཁན་གྱི་མི་ཞིག་གི་ངོས་ཐད་ནས་གླེང་ན། ལུས་རྟེན་ནི་བཀའ་དྲིན་གྱི་ཟུར་ངོས་ཙམ་ཞིག་
ལས། གཙོ་སྙིང་ཡེ་ནས་མ་ཡིན་ཏེ། ལུས་རྟེན་ཡོད་པ་ཙམ་གྱིས་མི་ཚེ་རིན་ཐང་དང་བླ་མེད་བྱ་བཞག་ཟེར་བ་སོགས་འབད་མེད་ལྷུན་གྲུབ་ཀྱིས་གང་ནས་ཡོང་
སྲིད། དངོས་གནས་བཤད་ན། ཕ་མ་དག་གིས་བརྩེ་བ་ངོ་མ་ཞིག་གི་འཛུམ་རིས་དང་འགྲོགས་ནས་སེམས་པ་གསོན་པོ་ཞིག་གི་དྲོད་ཁོལ་གནང་ཞིང་། དུངས་སེམས་
རྣལ་མ་ཞིག་གིས་བུ་ཕྲུག་ཚོའི་ཤ་པགས་རུས་གསུམ་གསོ་ཞིང་སྐྱོང་བ་དང་།བུ་ཕྲུག་ཚོའི་བཞིན་ལ་འཛུམ་མདངས་ཉམས་དགའ་བ་རེ་ཤར་དུས་ནི་ཁོང་རང་ཚོའི་
བདེ་སྐྱིད་ཀྱི་རྩ་བར་བརྩི་བ་ནི། ཕ་མའི་བཀའ་དྲིན་དུ་བསམ་ཆོག་ལ། ད་དུང་ཕ་མ་གཉིས་ཀྱིས་རང་གི་བུ་ཕྲུག་ཚོ་འགྲོ་བ་མིའི་རིགས་ཡོངས་ལ་ཕན་བདེ་བསྐྲུན་
མཁན་གྱི་བུ་རྒོད་ཐོག་འདྲ་བ་རེ་མ་གྱུར་ནའང་། རང་ཉིད་ཀྱི་བདེ་སྐྱིད་དེ་གཡོ་སྒྱུ་ཁྲམ་གསུམ་གྱི་སྒོ་ནས་གཞན་གྱི་བདེ་སྐྱིད་བཅོམ་བརླག་གིས་སྟེང་ནས་མི་